logo

《མཚོ་ནུབ་ལ་བསྟོད་གླུ་འབུལ》ཞེས་པའི་རིག་རྩལ་སྤྲོ་ཚོགས་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-12 ཀློག་གྲངས།:

《མཚོ་ནུབ་ལ་བསྟོད་གླུ་འབུལ》ཞེས་པའི་རིག་རྩལ་སྤྲོ་ཚོགས་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ།

      ལོ་གསར་ཐོན་ལ་ཉེ་བ་དང་བསྟུན་ནས། རྒྱ་ཆེའི་མང་ཚོགས་ལ་ལོ་སར་གྱི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་གྲ་སྒྲིག་བྱེད་ཆེད། མཚོ་ནུབ་ཁུལ་ཆོས་ལུགས་ལས་དོན་ཅུའུ་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཚྭ་འདམ་གཞོང་མི་རིགས་རིག་གནས་ཁྱབ་སྤེལ་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི《མཚོ་ནུབ་ལ་བསྟོད་གླུ་འབུལ》ཞེས་པའི་སྐད་རིགས་གསུམ་གྱིས་གྲུབ་པའི་རིག་རྩལ་སྤྲོ་ཚོགས་དེ་ལོ་གསར་གྱི་སྐབས་དང་བསྟུན་ནས་མཚོ་ནུབ་བརྙན་འཕྲིན་ཁང་དང་། ནང་སོག་བརྙན་འཕྲིན་ཁང་། ཚྭ་འདམ་མི་རིགས་རིག་གནས་དྲ་བ་བཅས་ཀྱིས་བརྒྱུད་གཏོང་བྱས་པ་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེར་ཆེར་ཐོབ། སྒྲ་དངོས་མ། ཐེམ་ཆེན་རྫོང་གི་ལྟད་མོ་བ། རྒྱ་བྷོ། རིག་རྩལ་བྱ་འགུལ་འདི་བརྒྱུད་ནས།  མི་རིགས་སོ་སོའི་རང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་དར་སྤེལ་བཏང་བར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་ནུས་པ་གང་ལེགས་ཐོན་ཡོད་པས། ས་གནས་མང་ཚོགས་དང་ལྟད་མོ་བ་གང་མང་ཞིག་གིས་ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ལ་དགའ་བསུ་ཆེས་ཆེར་ཐོབ།


འབྲེལ་ཡོད་འོས་སྦྱོར།