ཀན་སུའུ་འབྲུག་ཆུའི་བོད་ཆཱང་སྡེ་བ་རུ་བོད་ཆཱང་རྒྱན་གོས་ངོམ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-11
ཀློག་གྲངས།:

ན་གཞོན་མར་སྐྲ་སྟོན་གྱི་ཆོ་ག་བསྒྲུབས་པ།
ན་གཞོན་མས་ལུས་ལ་གཟབ་མཆོར་སྤྲས་ནས་གླུ་ལེན་གར་རྩེད་ལ་རོལ་བ།
ཀན་སུའུ་འབྲུག་ཆུའི་བོད་ཆཱང་སྡེ་བ་རུ་གནའ་བོའི་ཆཱང་གི་གནས་མཆོག་ཡིན་པར་བཤད་ཅིང་། དུས་ད་ལྟའི་བར་དུ་བོད་དང་ཆཱང་རིགས་ཀྱི་ལུགས་སྲོལ་ཕུན་སུམ་ཚོགས་པ་རྒྱུན་འཛིན་བྱས་དང་བྱེད་བཞིན་ཡོད་དེ། ལོ་རེའི་དཔྱིད་གསར་གྱི་དུས་སུ་རྒྱན་གོས་ངོམ་པ་དང་། མཆོད་སྦྱིན་གཏོང་བ། སྐྱེས་མའི་སྐྲ་སྟོན་སོགས་ཀྱི་དམངས་སྲོལ་བྱ་འགུལ་སྤེལ་བཞིན་ཡོད་པ་རེད།
རྒྱ་ལོའི་ཚེས་དྲུག་ཉིན་འབྲུག་ཆུའི་བོད་ཆཱང་སྡེ་བ་རུ་བོད་ཆཱང་རྒྱན་གོས་ངོམ་པའི་བྱ་འགུལ་སྤེལ་ཞིང་། སྡེ་བའི་གཞོན་ནུ་མ་རྣམས་ཀྱིས་ལུས་ལ་གཟབ་མཆོར་གྱིས་སྤྲས་ནས་གླུ་ལེན་གར་རྩེད་ལ་རོལ་ནས་ཡུལ་ལུང་ཀུན་ཏུ་སྤྲོ་དགའི་དཔལ་གྱིས་བརྟས།
འབྲེལ་ཡོད་འོས་སྦྱོར།
