རྔ་བའི་མ་ཎིའི་སྐོར་བྲོའི་དུས་ཆེན་སྐབས་གཉིས་པ་བསྡུས་པ།

རྔ་བའི་མ་ཎིའི་སྐོར་བྲོའི་དུས་ཆེན་སྐབས་གཉིས་པ་བསྡུས་པ།
ཟླ2པའི་ཚེས6ཉིན། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་སའི་སྐབས་གཉིས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་མ་ཎིའི་སྐོར་བྲོའི་དུས་ཆེན་དེ་རྔ་བའི་ཆུ་ཆེན་རྫོང་མ་ཎི་ཡུལ་ཚོ་རུ་བསྡུས་པ་རེད།
རྒྱུས་ལོན་པ་ལྟར་ན། མ་ཎིའི་ཡུལ་ཚོས་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་སའི་ཁྱད་འཕགས་རིག་གནས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། སྐོར་བྲོའི་དུས་ཆེན་སྤེལ་བར་བརྟེན་ནས་དཔལ་འབྱོར་དང་གནས་སྐོར། རིག་གནས་བཅས་མཉམ་དུ་གོང་དུ་སྤེལ་བས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་ཐོན་པ་རེད།

རྔ་བའི་མ་ཎིའི་སྐོར་བྲོའི་དུས་ཆེན་སྐབས་གཉིས་པ་བསྡུས་པ།
ཐེངས་འདིའི་སྐོར་བྲོའི་དུས་ཆེན་རྒྱ་ལོའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར་དུ་སྤེལ་ཞིང་། སེང་གེའི་འཆམ་དང་མ་ཎིའི་སྐོར་བྲོ་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་འགྲེམ་སྟོན་རབས་དང་རིམ་པ་སྤེལ་ནས། ཡུལ་དེའི་མང་ཚོགས་་དང་གནས་སྐོར་བ་རྣམས་ལ་ལོ་སར་གྱི་རིག་གནས་གནས་སྐོར་གྱི་སྤྲོ་སྟོན་ཕུན་སུམ་ཚོགས་པ་ཞིག་ཕུལ་བ་རེད།
