མཚོ་ལྷོ་ཁུལ་གྱི་སྐྱེས་མའི་མདའ་འཕེན་རུ་ཁག་ཐེངས་དང་པོར་འགྲན་སྡུར་དུ་ཞུགས་རྒྱུ་རེད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-09
ཀློག་གྲངས།:
སྐྱེས་མའི་མདའ་འཕེན་རུ་ཁག་གིས་རྒྱ་ལོའི་ཚེས12ཉིན་གྱི་འགྲན་སྡུར་ལ་གྲ་སྒྲིག་བྱེད་བཞིན་པ།
ལོ་སར་གྱི་དུས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་ཐད་གཏོགས་ལས་ཁུངས་དང་། ཡུལ་ཚོ་དང་གྲོང་རྡལ། སྡོད་ཁུལ་སོགས་ནས་ཡོང་བའི་སྐྱེས་མ་མདའ་འཕེན་ཚོ་ཆུང12ཡིས་གྲུབ་པའི་གསེར་ཆེན་རྫོང་སྐྱེས་མའི་མདའ་འཕེན་རུ་ཁག་དེ་ཐེངས་དང་པོར་ལོ་སར་སྐབས་ཀྱི་མང་ཚོགས་རིག་གནས་བྱ་འགུལ་སྟེང་ཞུགས་རྒྱུ་རེད།
མདའ་རྩེད་ནི་གསེར་ཆེན་ཡུལ་གྱི་དམངས་ཁྲོད་སུ་དུས་སྟོན་གྱི་རོལ་རྩེད་བྱ་འགུལ་གལ་ཆེན་ཞིག་ཡིན་ཞིང་། ཡུལ་དེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་དང་ཐོབ་བཞིན་ཡོད་པ་རེད། ཉེ་བའི་ལོ་ནང་ས་གནས་མང་ཚོགས་ཀྱི་བསམ་བློའི་འགྱུར་ལྡོག་དང་བསྟུན་ནས། རོང་འབྲོག་ཁུལ་གྱི་སྐྱེས་མ་རྣམས་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱ་འགུལ་ཁྲོད་ཞུགས་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག
འབྲེལ་ཡོད་འོས་སྦྱོར།