logo

《སྐར་འོད་ལམ་ཆེན》མཇུག་མཐའི་འགྲན་ཁག་ཏུ་གདུགས་དཀར་ཡག་གིས་ཨང་དང་པོ་བླངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-27 ཀློག་གྲངས།:

《སྐར་འོད་ལམ་ཆེན》མཇུག་མཐའི་འགྲན་ཁག་ཏུ་གདུགས་དཀར་ཡག་གིས་ཨང་དང་པོ་བླངས།
《སྐར་འོད་ལམ་ཆེན》གྱི་ཆེས་མཇུག་མཐའི་འགྲན་ཁག་ཏུ་གདུགས་དཀར་ཡག་གིས་ཨང་དང་པོ་བླངས།

      ཟླ1པོའི་ཚེས25ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི《སྐར་འོད་ལམ་ཆེན》ལེ་ཚན་གྱི་ཆེས་མཇུག་མཐའི་འགྲན་ཁག་དུས་ལྟར་འགྲེམ་གཏོང་བྱས་ཤིང་། བོད་རིགས་གླུ་བ་གདུགས་དཀར་ཡག་དང་རུ་ཁག་གཞན་གྱི་འགྲན་ཞུགས་པར་མཉམ་དུ་ལོ་མཇུག་གི་རྟིང་རྩོད་འགྲན་བསྡུར་གྱི་མཇུག་མཐའི་ནང་འཛུལ་འཛིན་བྱང་ཐོབ།
      གཟའ་འཁོར་འགྲན་བསྡུར་དང་ཟླ་འཁོར་འགྲན་བསྡུར་ཁྲོད། གདུགས་དཀར་ཡག་གིས་རང་ཉིད་སྔ་ན་བརྒྱུད་མ་མྱོང་བའི་འཁྲབ་སྟོན་བགྱིད་ཅིང་། ཐེངས་འདིའི་ལོ་མཇུག་རྟིང་རྩོད་འགྲན་བསྡུར་གྱི་འཁྲབ་སྟོན་དུ་ཁོས་ལེ་ཚན་རུ་ཁག་དང་གྲོས་བསྡུར་སྒོས་བོད་རིགས་དམངས་ཁྲོད་ཀྱི་འཁྲབ་སྟོན་གཙོར་བཟུང་ཡོད།
      ཕྲེང་དང་པོ་རུ། 《དར་མདོའི་བྱམས་པ》ཞེས་པའི་གླུ་གཞས་ཕུལ་ཏེ་འགྲན་ཁག་རྗེས་མར་ཞུགས་ཐུབ་པ་བྱུང་ལ། ཕྲེང་གཉིས་པ《ནུས་རྩལ་འགྲན་བསྡུར》 དུ། གདུགས་དཀར་ཡག་དང་ཕ་ཡུལ་གྱི་བོད་རིགས་ཕོ་རྒོད10ཡིས་གཟིགས་མོ་བ་རྣམས་ལ་གར་གྱི་ལྟད་མོ་གྱ་ནོམ་པ་ཕུལ། ཕྲེང་གསུམ་པ་རུ། 《ཕ་ཡུལ་གྱི་མཛེས་སྡུག》ཅེས་པའི་གླུ་གཞས་ཕུལ་ཞིང་། དེར2009ལོའི་སྐར་འོད་ལམ་ཆེན་གྱི་ཨང་དང་པོ་ཐོབ་མཁན་གླུ་མ་དབང་མོས་རོགས་འདེགས་སྒོས་ཁོ་གཉིས་ཀྱིས《རྒྱང་རིང་གི་མགྲོན་པོ》ཞེས་པའི་གླུ་གཞས་ཕུལ་བར་བརྟེན་ཡུལ་དངོས་གཟིགས་མོ་བ་རྣམས་སྤྲོ་སེམས་རབ་ཏུ་འཁོལ་བར་བྱས། ཆེས་མཇུག་མཐའི་ཕྲེང་དུ《ཤར་ཕྱོགས་རི་བོའི་རྩེ་ནས》ཞེས་པའི་གླུ་གཞས་ལས་དཔྱད་འདེམ་པ་རྣམས་ཀྱི་ཡིད་སེམས་ཅིག་ཅར་ཏུ་བཀུག་ཅིང་། ཡུལ་དངོས་གཟིགས་མོ་རྣམས་ཧ་ལམ་མདོ་དབུས་མཐོ་སྒང་དུ་ཕེབས་པ་ལྟ་བུའི་སྣང་བ་བྱིན་པར་བརྟེན། གདུགས་དཀར་ཡག་གིས་ལོ་མཇུག་རྟིང་རྩོད་འགྲན་བསྡུར་གྱི་འཛིན་བྱང་ལེན་ཐུབ་པ་བྱུང་།


འབྲེལ་ཡོད་འོས་སྦྱོར།