logo

མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཨ་མདོའི་རྩོམ་རིག》འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-15 ཀློག་གྲངས།:

མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཨ་མདོའི་རྩོམ་རིག》ཅེས་པ་འགྲེམ་སྤེལ་བྱས།
མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཨ་མདོའི་
རྩོམ་རིག》ཅེས་པའི་པར་གཞི་གསར་བ་འགྲེམ་སྤེལ་བྱས།

      ཉེ་སྔོན། 《ཨ་མདོའི་རྩོམ་རིག》ཅེས་པའི་སྣེ་ཁྲིད་མཁན་རྡོ་སྦིས་རྡོ་རྗེ་དང་རུ་མི་རྣམས་ཀྱིས《ཨ་མདོའི་རྩོམ་རིག》ཐད་གསར་སྐྲུན་དང་པར་གཞི་བཅོས་བསྒྱུར་བྱས་ཏེ། རྩོམ་རིག་གི་སྤུས་ཀ་དང་དེང་རབས་ཀྱི་སྙིང་སྟོབས་སོགས་འབུར་དུ་བཏོད་ཅིང་། གཙོ་ཆེར་དུས་རབས་རང་བཞིན་དང་། མི་རིགས་རང་བཞིན། ས་ཁོངས་རང་བཞིན་བཅས་གཙིགས་ཏུ་བཟུང་ཡོད།
      པར་གཞི་གསར་བའི《ཨ་མདོའི་རྩོམ་རིག》ཅེས་པ་འདི་མཚོ་ལྷོ་ལ་རྐང་བཙུགས་ཤིང་རྒྱལ་ཡོངས་སུ་ཁ་ཕྱོགས་ཡོད། མཚོ་ལྷོ་ས་གནས་ཀྱི་རྒྱུ་ཆ་སྔོག་འདོན་དང་། མཚོ་ལྷོ་འི་རིག་གནས་དང་། ས་རྒྱུས། ལོ་རྒྱུས། འཚོ་རྣམ་སོགས་མཐོང་སྟེ། བོད་ཁུལ་གྱི་མི་ཆོས་ཞེས་པའི་ཐུན་མིན་གྱི་རྩོམ་འབྲིའི་རྣམ་པ་བསྐྲུན་ངེས། ནུབ་ཏུ《བོད་ལྗོངས་རྩོམ་རིག》དང་། ལྷོ་རུ《ཁམས་པའི་རྩོམ་རིག》དང《གངས་དཀར་རི་བོ》། ཤར་དུ《སྤང་ལྗོངས》དང《སྐལ་བཟང་མེ་ཏོག》། བྱང་དུ《ཨ་མདོའི་རྩོམ་རིག》བཅས་ཀྱི་རྣམ་པ་གྲུབ་པར་བྱེད།


འབྲེལ་ཡོད་འོས་སྦྱོར།