གངས་སེམས་མཉེན་ཆས་ཚོང་རར་བཀྲམ་པ།

གངས་སེམས་མཉེན་ཆས་ཕབ་ལེན་བྱེད་སྟངས།
གངས་སེམས་མཉེན་ཆས་ཕབ་ལེན་བྱེད་སྟངས།
ཉེ་ཆར། གངས་སེམས་གློག་རྡུལ་རྩོམ་སྒྲིག་ཁང་གིས་གངས་སེམས་གློག་རྡུལ་དཔེ་ཁང་གི་མཉེན་ཆས་དྲ་གྲོགས་ལྷན་རྒྱས་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་བ་དང་། ཕབ་ལེན་བྱེད་སའི་གནས་ཀྱང་ཕུལ་ཡོད་པ་རེད། གངས་སེམས་མཉེན་ཆས་ཕབ་ལེན་བྱས་ན་སོ་སོར་མཁོ་བའི་གློག་རྡུལ་དཔེ་དེབ་གང་མང་ཕབ་ལེན་བྱེད་ཐུབ་ཅིང་། ཁྱེད་ལ་གློག་རྡུལ་དཔེ་དེབ་མེད་པའི་དཀའ་ཁག་སེལ་ཐུབ། མཉེན་ཆས་དང་གསར་འགྱུར་སོགས་ཀྱང་མང་པོ་ཡོད། android ཨན་ཌོ་ཁ་པར་དང་། ipad དང་iphone iped ཀུ་ཤུ་ཁ་པར་སོགས་ཀྱི་ནང་དུ་ཕབ་ལེན་བྱེད་ཐུབ།
ཕབ་ལེན་བྱེད་གནས། ཀུ་ཤུའི་ཕབ་ལེན་བྱེད་གནས། ཀུ་ཤུ་ཁ་པར་ཡིན་ན་མཉེན་ཆས་ཕབ་ལེན་བྱེད་ས་སྟེapp store ནང་དུ་tibetan book གཏག་ན་ཐད་ཀར་ཕབ་ལེན་བྱེད་ཐུབ་ལ་འདི་ནས་ཕབ་ན་ཡང་ཆོག
ཨན་ཊོའི་གངས་སེམས་མཉེན་ཆས་ཕབ་གནས།
འདི་ནས་སྐད་ཆས་དཔྱད་བརྗོད་སྤེལ་ཆོག་ལ། ཞིན་ལང་པོད་ཕྲན་དང་། ཐིན་ཞོན་པོད་ཕྲན་སོགས་དང་སྦྲེལ་ནས་བསམ་ཚུལ་ཡང་སྤེལ་ཐུབ། རྒྱུས་ལོན་ཡག་པོ་ཞིག་བྱེད་འདོད་ན་དང་པོ་ཕབ་ལེན་བྱོས་དང་ཤེས་ངེས།
གསལ་བཤད་ཅིག་ལ། ཀུ་ཤུ་ཁ་པར་ཡིན་ན་ངེས་པར་དུ་ཁ་པར་གྱི་མ་ལག་5.0.ཡན་ཡིན་དགོས། ཨན་ཊོའུ་ཁ་པར་ཡིན་ན2.3ཡན་ཡིན་དགོས། དེ་ལྟར་མིན་ཚེ་ཕབ་ལེན་བྱེད་སྐབས་ཕམ་འགྲོ་བའི་གནས་ཚུལ་ཡོད།
