logo

མདོ་ལ་རྫོང་གིས་མདོ་ལའི་སྒེག་ཉམས་ཞེས་བའི་བོད་ཀྱི་ལ་གཞས་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2014-01-11 ཀློག་གྲངས།:
      དགུན་དུས་ཀྱི་ཡུལ་སྐོར་ཐད་ཀྱི་རིག་གནས་སྒྱུ་རྩལ་ལས་གཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཉེ་ལམ་མདོ་ལའི་སྒེག་ཉམས་ཞེས་པའི་བོད་ཀྱི་ལ་གཞས་འགྲན་སྡུར་བསྡུས་པ་དང་། ཀན་སུའུ་དང་སི་ཁྲོན། མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོ་ནས་ཡོང་བའི་གླུ་བ་གླུ་མ་བརྒྱད་ཅུ་ལྷག་ཐེངས་འདིའི་འགྲན་སྡུར་ཁྲོད་ཞུགས།
      དུས་ཡུན་ཉིན་གཉིས་རིང་གི་འགྲན་སྡུར་བརྒྱུད་ནས་གླུ་བ་གླུ་མ་ཉི་ཤུ་བསྐྱར་འགྲན་ཁྲོད་ཞུགས་པ་དང་། མཇུག་མཐར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ནས་ཡོང་བའི་གླུ་བ་བློ་གྲོས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མདོ་ལ་རྫོང་ཨ་རིག་ཞང་གི་གླུ་བ་རིན་ཆེན་དཔལ་ལྡན་དང་རྐང་ཚ་རྫོང་གི་གླུ་བ་རིན་ཆེན་བཀྲ་ཤིས་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། རྐང་ཚ་རྫོང་གི་གླུ་བ་རྣམ་རྒྱལ་མགོན་དང་ཚེ་རིང་། ཀན་སུའུ་ཞིང་ཆེན་གྱི་གླུ་བ་རྟ་བྷོ་བཅས་གསུམ་པོར་བྱ་དགའ་ཨང་གསུམ་པ་ཐོབ། དེ་ལས་གཞན་པའི་གླུ་བ་གླུ་མ་བཅུ་བཞི་ལ་ཕུལ་བྱུང་གི་བྱ་དགའ་ཐོབ།
      ཉེ་བའི་ལོ་འགའི་རིང་མདོ་ལ་རྫོང་གིས་བོད་ཀྱི་ལ་གཞས་ལ་སྲུང་སྐྱོབ་དང་དེ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཕན་ཡོད་བྱ་བ་མང་པོ་བསྒྲུབས་པར་མ་ཟད། གྲུབ་འབྲས་མངོན་གསལ་བླངས། ཐེངས་འདིའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱིས་རིག་གནས་སྒྱུ་རྩལ་ལ་དགའ་བའི་བོད་ཀྱི་ན་གཞོན་མང་པོས་ཕུལ་དུ་བྱུང་བའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པར་སྐུལ་འདེད་དང་། མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མདོ་ལ་རྫོང་གིས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྫོང་གསར་སྐྲུན་བྱེད་པར་ནུས་བ་བཟང་བོ་བཏོན།


འབྲེལ་ཡོད་འོས་སྦྱོར།