གཉེན་པོ་གཡུ་རྩེའི་ཡུལ་སྡེའི་མིག་ཅེས་པའི་དངོས་བྲིས་གློག་བརྙན་གྱི་གླེང་སྟེགས་བསྡུས་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-10
ཀློག་གྲངས།:

གཉེན་པོ་གཡུ་རྩེའི་ཡུལ་སྡེའི་མིག་ཅེས་པའི་དངོས་བྲིས་གློག་བརྙན་གྱི་གླེང་སྟེགས་བསྡུས་པ།

གློག་བརྙན་གཏོང་བཞིན་པའི་ཚུལ།
ཉེ་ལམ། གཉེན་པོ་གཡུ་རྩེའི་ཡུལ་སྡེའི་མིག་ཅེས་པའི་དངོས་བྲིས་གློག་བརྙན་གྱི་གླེང་སྟེགས་དེ་མཚོ་སྔོན་ཟི་ལིང་དུ་བསྡུས་ཤིང་བོད་ཀྱི་གློག་བརྙན་དང་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བའི་མི་སྣ་དག་ཐེངས་འདིའི་གླེང་སྟེགས་སུ་ཞུགས་ཡོད། གླེང་སྟེགས་འདིར་གློག་བརྙན་གཏོང་བ་དང་། ཕན་ཚུན་འབྲེལ་འདྲིས། དྲི་བ་དྲིས་ལན། བརྗོད་དོན་གཏམ་བཤད་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས། གྲྭ་བཙུན་དང་མང་ཚོགས་ཀྱིས་གྲུབ་པའི་རུ་མི་ཚོ་ཤིན་ཏུ་སྐྱེས་སྟོབས་ལྡན་པ་དང་། ད་ལྟའི་བར་དངོས་བྲིས་གློག་བརྙན20ལྷག་ཕབ་བསྐྲུན་བྱས་ལ། དེ་ལས《ལྕི་བ》དང《ངའི་མཐོ་སྒང་གི་ཐང་དཀར་རྒོད་པོ》སོགས་ལ་ཕྱི་ནང་མི་སྣ་གང་མང་གི་ཁས་ལེན་དང་གདེང་འཇོག་ལེགས་པོ་ཐོབ།

འབྲེལ་ཡོད་འོས་སྦྱོར།
