《ཀན་ལྷོའི་མཛའ་གཞས》ཞེས་པ་ཀྲུང་གོའི་ཕུགས་བསམ་གྱི་གློག་བརྙན་གསར་པའི་འགྲེམ་གཏོང་དུ་ཚུད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-04
ཀློག་གྲངས།:

འཁྲབ་སྟོན་པ་བདེ་སྐྱིད་ལ་བཅར་འདྲི་བྱེད་བཞིན་པ།
གློག་བརྙན《ཀན་ལྷོའི་མཛའ་གཞས》ཞེས་པའི་འགྲེམ་གཏོང་མཛད་སྒོ།
རྒྱུས་ལོན་བྱུང་བ་ལྟར་ན་གློག་བརྙན《ཀན་ལྷོའི་མཛའ་གཞས》ཞེས་པ་དེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གློག་བརྙན་བཅུའི་གྲས་སུ་ཡོད་ཅིང་། ཀྲུང་གོའི་ཕུགས་བསམ་ཞེས་པའི་གློག་བརྙན་གསར་པའི་འགྲེམ་གཏོང་དུ་ཚུད་པ་རེད། གློག་བརྙན་བཅུ་བོ་དེ་ཟླ1པོའི་ཚེས1ཉིན་ནས་ཚེས10ཉིན་བར་དུ་གློག་བརྙན་འཁོར་སྐར་འཕྲིན་ལམ(CCTV6)སྟེང་དགོང་མོར་བསྟུད་མར་གཏོང་རྒྱུ་རེད།
《ཀན་ལྷོའི་མཛའ་གཞས》ཀྱི་ཁྲོད་དུ་ཧཱང་ཀྲིག་གསོ་རིག་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་བཱན་ཕིན་ཞེས་པ་དེ་ཀན་ལྷོ་རུ་ཡོང་ནས་ཁོང་གི་ལང་ཚོ་དང་ལྷད་མེད་ཀྱི་བརྩེ་བ་ཡོངས་རྫོགས་རྩྭ་ཐང་ལ་ཕུལ་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
