logo

2014ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2013-12-29 ཀློག་གྲངས།:
      ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2014ལོའི་བོད་ཀྱི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་དེ་བདེ་སྐྱིད་ལྡན་པའི་ལོ་གསར་ཞེས་པའི་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་པ་དང་། ད་ཐེངས་ཀྱི་མཚན་ཚོགས་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཁམས་པའི་བརྙན་འཕྲིན་ལས་ཁུངས་མཉམ་དུ་གཙོ་གཉེར་བྱས་པ་དང་དུས་མཚུངས་ཟི་ཁྲོན་ཁྲེང་ཏུའུ་རུ་ཕབ་བཟོ་བྱེད་རྒྱུ་ཡིན་པ་རེད། ལོ་གསར་མཉམ་སྤྲོའི་མཚན་ཚོགས་ཀྱི་གྲ་སྒྲིག་གི་ལས་དོན་ཁག་ཁྱོན་ཡོངས་སྤེལ་འགོ་ཚུགས་ཡོད་པ་རེད།
      མཚན་ཚོགས་དེ་བདེ་སྐྱིད་ལྡན་པའི་ལོ་གསར་ཞེས་པའི་བརྗོད་དོན་གཙོ་བོར་བྱས་ནས་ལྷ་སའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་།  དགའ་སྟོན་རྟེན་འབྲེལ།  མཉམ་འཛོམས་བཅས་མཚོན་པའི་དུས་ཆེན་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་དང་།   ད་ཐེངས་ཀྱི་མཚན་ཚོགས་དེར་ལྷ་སའི་རིག་གནས་མངོན་པའི་རྨང་གཞིའི་ཐོག་ས་ཁུལ་གཞན་གྱི་དམངས་ཁྲོད་ཀྱི་རིག་གནས་བསྡུ་ལེན་བྱེད་རྒྱུ་དང་དུས་མཚུངས་བོད་རིགས་སྒྱུ་རྩལ་མཁས་ཅན་མང་པོ་གདན་ཞུ་བྱེད་རྒྱུ་ཡིན་པ་རེད།  


འབྲེལ་ཡོད་འོས་སྦྱོར།