logo

མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།

རྩོམ་པ་པོ།:མགོན་པོ་དོན་འགྲུབ། ཡོང་ཁུངས།:རྐང་ཚ་རྫོང་གསར་འགྱུར་ལྟེ་གནས། དུས་ཚོད།:2019-04-10 ཀློག་གྲངས།:


མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།


མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།


མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།


མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།


མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།


མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།


མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་འཕེན་གྱི་ཡོད་པ།

     སྤྱི་ཟླ4བའི་ཚེས1པོ་ནས་བཟུང་མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར་ལ། དཔྱིད་ཉི་རིང་མོའི་དྲོད་དང་མཁའ་རླུང་བཙན་པོའི་ཤུགས་ལ་བརྟེན་ཏེ་ཉིན་རེ་བཞིན་མཚོ་དར་འཕེན་པའི་སྔ་ལྟོས་སུ་དར་ལ་འགྱུར་ལྡོག་འབྱུང་བཞིན་མཆིས། སྤྱིར་མཚོ་མོའི་དར་ཁ་འབྱེད་པར་རྣམ་པ་གཉིས་ལས་མེད་ལ་གཅིག་ནི་དཔྱིད་ཉི་རིང་མོའི་དྲོད་ལ་བརྟེན་ནས་ཡུན་གྱིས་མཚོ་དར་ཞུ་ནས་མེད་པར་འགྱུར་བ། གཉིས་ནི་རླུང་བཙན་པོའི་རླུང་ཤུགས་ལ་བརྟེན་ནས་མཚོ་དར་མཚོ་མཐར་བྲག་རི་བཞིན་བརྩིགས་ཏེ་ཡུན་རིང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་མཛེས་སྡུག་གི་ཞིང་ཁམས་བསྐྲུན་འདུག ད་ལོར་མཚོན་ན་སྔ་དྲོར་ཉི་དྲོད་འཛོམས་ཤིང་ཕྱི་དྲོར་རླུང་ཤུགས་ཆེ་བའི་གནམ་གཤིས་ཁྱད་པར་བ་ཞིག་ལ་འཕྲད་ཡོད་ཕྱིར། སྔ་དྲོའི་མཚོ་མདོག་གཡུ་ཡི་མེ་ལོང་བཞིན་གཡའ་དག་ཅིང་ཕྱི་དྲོའི་མཚོ་མཐའ་གངས་ཀྱི་ཞིང་ཁམས་བཞིན་ཡིད་འཕྲོག་པའི་དག་ཞིང་ཞིག་ཏུ་གྱུར་འདུག

 


འབྲེལ་ཡོད་འོས་སྦྱོར།