ལྷ་སའི་མང་ཚོགས་ཀྱིས་སྐྱིད་ཆུ་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-24
ཀློག་གྲངས།:
ཟླ12པའི་ཚེས23ཉིན། ལྷ་སའི་མང་ཚོགས་དང་། གནས་སྐོར་བ། ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པ་སོགས་ཀྱིས་ལྷ་སའི་སྐྱིད་ཆུའི་འབབ་རྒྱུད་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ་བ་རེད། ལྷ་སའི་སྐྱིད་ཆུ་ནི་བོད་ལྗོངས་ཀྱི་དབུས་ལྷོ་ས་ཁུལ་དུ་ཡོད་པ་དང་། ཡར་ཀླུང་གཙང་བོའི་འབབ་རྒྱུད་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་ཆུ་ལག་ཅིག་ཡིན་པ་རེད།
ཐེངས་འདིའི་བྱ་འགུལ་གྱི་འགན་འཁུར་བས་བཤད་རྒྱུར། ཁོང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་བརྒྱུད་ནས་མི་ཀུན་ལ་བསྐུལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བར་མ་ཟད། ཚང་མའི་ཧུར་བརྩོན་བརྒྱུད་ནས་ལྷ་ས་གྲོང་ཁྱེར་དེ་མིང་དོན་གཉིས་མཚུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་གྲོང་ཁྱེར་དུ་བསྐྲུན་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་འོས་སྦྱོར།