སྐལ་བཟང་རིན་ཆེན་གྱིས་རི་སྐྱེས་སྲོག་ཆགས་གསའ་ཡི་པར་བླངས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-22
ཀློག་གྲངས།:

རི་སྐྱེས་སྲོག་ཆགས་གསའ།
2013ལོའི་ཟླ11པའི་ཟླ་དཀྱིལ་དང་། ཟླ12པའི་ཚེས15། ཟླ12པའི་ཚེས16ཉིན་བཅས་ལ། མཚོ་སྔོན་ཡུལ་ཤུལ་གྱི་པར་ལེན་པ་སྐལ་བཟང་རིན་ཆེན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁོངས་ནས་རི་དྭགས་གསའ་མཐོང་སྟེ་དེའི་པར་འགའ་ལེན་ཐུབ་པ་བྱུང་།

རི་དྭགས་གསའ་ནི་ཨེ་ཤ་ཡ་དབུས་མའི་མཐོ་སྒང་དུ་གནས་པའི་སྲོག་ཆགས་ཤིག་ཡིན་ཏེ། ཧ་ས་ཁི་སི་ཐཱན་དང་། ཝུ་ཙི་པེ་ཁི་སི་ཐཱན་སོགས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁག་དང་ཀྲུང་གོའི་མཚོ་བོད་མཐོ་སྒང་སོགས་སུ་གནས་ཤིང་། རག་རྩིས་ལྟར་ན། དེང་སྐབས་མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་གསའ་ཡི་ཁ་གྲངས་དེ1000ཡས་མས་འདུག་ཅིང་། དེའི་སྟེང་ཤིན་ཅང་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན་གྱི་ནུབ་བྱང་རྒྱུད་བཅས་རྩིས་ན། ཀྲུང་གོའི་རི་སྐྱེས་སྲོག་ཆགས་གསའ་ཡི་སྤྱིའི་ཁ་གྲངས2000ནས3000ཡས་མས་ཡོད།
འབྲེལ་ཡོད་འོས་སྦྱོར།
