ཀརྨ་རྡོ་རྗེ་ཚེ་རིང་གིས་ཇུས་འགོད་དཔེ་ཆར2013ལོའི་ཀྲུང་གོའི་ཆེས་མཛེས་པའི་དཔེ་ཆའི་གཟེངས་རྟགས་ཐོབ།

རྒྱུས་ལོན་པ་ལྟར་ན། མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་དང་ཀརྨ་རྡོ་རྗེ་ཚེ་རིང་གིས་ཇུས་འགོད་བྱས་པའི《རྒྱ་ནག་པ་སྟོབས་ལྡན་སངས་རྒྱས་ཕན་ཡོན་དང་རྒྱ་ནག་མ་ཎིའི་རིག་གནས་སྤྱི་བཤད》ཅེས་པའི་དཔེ་ཆ་འདི་ལ2013ལོའི་ཀྲུང་གོའི་ཆེས་མཛེས་པའི་དཔེ་ཆ་ཞེས་པའི་གཟེངས་རྟགས་ཐོབ།
དཔེ་ཆ་འདིའི་ཇུས་འགོད་བབ་ཆགས་ཤིང་ལྟ་ན་སྡུག་པ་དང་ཇུས་འགོད་པས་བོད་ཀྱི་རིག་གནས་ལ་བཅངས་པའི་བཀུར་བསྟི་མཚོན་ལ། རྒྱ་བོད་ཤན་སྦྱར་བྱས་ཤིང་བོད་ཡིག་གི་མཛེས་འཛིན་ལྟ་བའི་སྲོལ་རྒྱུན་རྣམ་པས་སྒྲིག་ཡོད་པ་དང་། ཆེས་ཉུང་བའི་མཚོན་རྟགས་ལས་ཆེས་ལྷག་བསམ་འཁོལ་བའི་དམངས་སྲོལ་གྱི་བརྩེ་སེམས་དོད་ཡོད།

ཀྲུང་གོའི་ཆེས་མཛེས་པའི་དཔེ་ཆ་ཞེས་པའི་བྱ་འགུལ་འདི་ནི་ཧྲང་ཧེ་གྲོང་ཁྱེར་གསར་འགྱུར་པར་སྐྲུན་ཅུས2003ལོར་བཙུགས་ཤིང་ད་ལྟའི་བར་ལོ་ངོ10ཟིན་པ་དང་། ད་བར་དུ་རྒྱ་ཡིག་དཔེ་ཆ་སྣ11ལ་འཛམ་གླིང་ཆེས་མཛེས་པའི་དཔེ་ཆའི་མཚན་སྙན་ཐོབ་པ་དང་། འདིས་ཀྲུང་གོའི་དཔེ་ཆ་ཇུས་འགོད་དེ་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་བཏང་ལ། ད་ལོར་ཀྲུང་གོའི་ཆེས་མཛེས་པའི་དཔེ་ཆ་ཞེས་པས་སྒྱུ་རྩལ་མི་ཆོས་རིགས་གཙོར་བཟུང་སྟེ་སྡོམ་པས་བྱ་དགའ་ཐོབ་པའི་དཔེ་ཆ21འདུས།
