logo

《མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་གཉིས་པའི་ལས་གྲྭའི་འཆར་བཀོད》ལ་ཆོག་མཆན་ཐོབ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-20 ཀློག་གྲངས།:
  ཟླ12པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་བསྡུས་ནས་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་ལ་སྐུལ་སྤེལ་དང་། ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྒྲིབ་ཆོད་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་གྱི་འཛུགས་སྐྲུན་སོགས་སྐྱེ་ཁམས་ལས་གྲྭ་གལ་ཆེན་ཁག་ཅིག་ལ་བཀོད་སྒྲིག་བྱས།
  ཚོགས་འདུའི་སྟེང《མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་ལས་གྲྭའི་འཆར་བཀོད》ལ་ཆོག་མཆན་ཐོབ་ཅིང་། ལེགས་བཅོས་བྱེད་པའི་ཁེབས་རྒྱ་སྤྱི་ལེ་གྲུ་བཞི་མ་ཁྲི15.2ནས་སྤྱི་ལེ་གྲུ་བཞི་མ་ཁྲི39.5རུ་བསྐྱེད་པ་དང་། རང་བྱུང་གི་སླར་གསོ་དང་ལས་གྲྭའི་འཛུགས་སྐྲུན་ཟུང་དུ་སྦྲེལ་ནས་རྩྭ་ཐང་། ནགས་ཚལ། ཐང་རྒོད། བརླན་ས་སོགས་ཀྱི་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཞན་འགྱུར་གྱི་རྣམ་པ་གཏན་འགོག་བྱས་པར་བརྒྱུད། མི་རིགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་ཀྱི་བརྟེན་ས་སྟེ་ཀྲུང་ཧྭའི་ཆུའི་བང་མཛོད་དེ་ཇེ་རྒྱས་ཇེ་བརྟན་དུ་གཏོང་ངེས།


འབྲེལ་ཡོད་འོས་སྦྱོར།