logo

རིག་སྨོན་གྲོང་རྡལ་འཁྱམས་རུ་སྡེ་བས་སྔོན་ཐོན་སྡེ་བ་གསར་འཛུགས་གནང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

རྩོམ་པ་པོ།:རིག་སྨོན་དཀོན་མཆོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-16 ཀློག་གྲངས།:

(དཔལ་བྷོ)
མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གནང་བའི་གཟི་བརྗིད་རྟགས་མ།


རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་སྡེ་དཔོན་དཔལ་མཁར་རྒྱལ།(དཔལ་བྷོ)

      མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་འཁྱམས་རུ་རབ་འོག་མ་སྡེ་བས་ལོ་འདི་འགའི་རིང་སྡེ་དཔོན་བཟང་བོ་དཔལ་མཁར་རྒྱལ(དཔལ་བྷོ)གྱི་སྣེ་ཁྲིད་འོག་སྡེ་བ་ཕྱུག་འགྱུར་གྱི་ལམ་དུ་སོང་བ་དང་མཐུན་སྒྲིལ་དང་འཆམ་མཐུན་གྱི་སྡེ་བ་འཛུགས་སྐྲུན་བྱེད་པར་སྡེ་དཔོན་དཔལ་བྷོ་གཙོ་བྱས་སྡེ་མི་རེ་རེ་ཡི་འབད་བརྩོན་བྱས་མཐར། མང་ཚོགས་དང་རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་བསྔགས་བརྗོད་དང་དཔེ་སྟོན་བྱེད་སའི་སྡེ་བ་རུ་གྱུར་ཡོད་ལ། གཞན་སྡེ་བ་འདིའི་མང་ཚོགས་དང་རྒན་དར་གཞོན་གསུམ་ཡོངས་ཀྱིས་ཁོ་ཚོའི་སྡེ་བ་འདི་མཐུན་སྒྲིལ་དང་འཆམ་མཐུན་གྱི་སྔོན་ཐོན་སྡེ་བ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད་དོ།།


ས་གནས་སྲིད་གཞུང་གིས་བློ་མཐུན་དཔལ་མཁར་རྒྱལ་ལ་གནང་བའི་རྟགས་མ།


འབྲེལ་ཡོད་འོས་སྦྱོར།