logo

མཚོ་ལྷོའི་སྤྱི་ཚོགས་ཀྱི་ཡིག་བཀོལ་རིགས་སྣ་ཚོགས་ཚད་ལྡན་དུ་གཏོང་བར་གྲུབ་འབྲས་ཐོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-10 ཀློག་གྲངས།:

海南藏族自治州社会用文规范化取得显著成效
མཚོ་ལྷོའི་སྤྱི་ཚོགས་ཀྱི་ཡིག་བཀོལ་རིགས་སྣ་ཚོགས་ཚད་ལྡན་དུ་གཏོང་བར་གྲུབ་འབྲས་ཐོན་པ།

མཚོ་ལྷོའི་སྤྱི་ཚོགས་ཀྱི་ཡིག་བཀོལ་རིགས་སྣ་ཚོགས་ཚད་ལྡན་དུ་གཏོང་བར་གྲུབ་འབྲས་ཐོན་པ།

  ད་ལོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་བཀྲ་ཤིས་དུས་བཟང་ཞིག་ཡིན་ཞིང་། ཡུལ་ཁོངས་ཀྱི་ཁྱད་ཆོས་དོད་པོར་ཐོན་པ་དང་གྲོང་ཁྱེར་གྱི་བཀོད་པ་ཇེ་ལེགས་སུ་གཏོང་ཆེད་ཁུལ་ཡོངས་ཀྱི་སྲང་ལམ་དང་། མཛེས་ལྗོངས། ལམ་བྱང། བརྡ་ཁྱབ་སོགས་ཀྱི་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱས་ཚུལ་ལ་གཅིག་གྱུར་གྱིས་ཞིབ་བཤེར་དང་ཚད་ལྡན་དུ་བཏང་བས་ཕན་འབྲས་མངོན་གསལ་ཐོན་པ་རེད།
  བསྡོམས་རྩིས་བྱས་པ་ལྟར་ན2013ལོར་མཚོ་ལྷོས་ཁུལ་ཡོངས་སུ་ཡིག་ནོར་ཡོད་པ་དང་ཚད་ལྡན་མ་ཡིན་པའི་སྒོ་བྱང་རིགས་སྣ་ཚོགས1394དག་ཐེར་དང་ལེགས་བཅོས་བྱས་པར་བརྒྱུད། ཡུལ་ཁོངས་ཀྱི་རིག་གནས་ཁྱད་ཆོས་འབུར་དུ་ཐོན་པའི་ཁར། སྤྱི་ཡོངས་དོ་མཉམ་པ་དང་གཅིག་གྱུར་ཚད་ལྡན་གྱི་གྲོང་རྡལ་གྱི་རྣམ་པ་གསར་བ་ཞིག་བསྐྲུན་ཐུབ་པ་རེད།
 


འབྲེལ་ཡོད་འོས་སྦྱོར།