བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་པ།
བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་པ།
2013ལོའི་ཟླ12བའི་ཚེས3ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་བློ་བཟང་རྒྱལ་མཚན་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་སྤེལ་ཞིང་ཕྱོགས་ཡོངས་ནས་ཉེ་བའི་ལོ་བཅུ་རིང་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བར་སྤྱི་བསྡོམས་མཛད་ཅིང་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་འོས་འགན་རྗེས་མ་བཀོད་སྒྲིག་གནང་། གཞན་ཡང་རང་སྐྱོང་ལྗོངས་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཤིན་རྩ་བསྟན་འཛིན་ཆོས་གྲགས་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་འཕྲིན་ལས་སོགས་བློ་མཐུན་རྣམས་དང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་མི་ཡོངས། འབྲེལ་ཡོད་ལས་ཁུངས། དེ་མིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང(སྒྲིག་བསྒྱུར་ཅུའུ)གི་ལས་མི་ཡོངས་བཅས་གྲོས་ཚོགས་སུ་ཞུགས་ལ། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནམ་སྒྲིག་སྒྱུར་ཅུའི་འགོ་གཙོ་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྙན་ཞུ་ཕུལ།
གྲོས་ཚོགས་སུ་བསྟན་དོན། བོད་ཀྱི་སྐད་དང་ཡི་གེ་ནི་རང་སྐྱོང་ལྗོངས་མི་རིགས་བྱ་བ་དང་སྐད་དང་ཡི་གེ་བྱ་བའི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་འཕགས་རིག་གནས་སྲུང་སྐྱོབ་ས་ཁུལ་གྱི་གལ་ཆེ་བའི་ནང་དོན་ཡང་ཡིན། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་ཡོངས་སུ་ངེས་པ་དང་། བོད་སྐད་ཡིག་བྱ་བ་ཡོངས་སུ་ངོས་ཟིན་ན་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དངོས་འབེབས་ཐད་དྲིལ་སྒྲོག རང་སྐྱོང་ལྗོངས་ཀྱི་ཐོད་བརྒལ་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ལ་སྐུལ་འདེད་གཏོང་བར་དགེ་མཚན་རབ་ཏུ་ལྡན་པའི་ཁར། དོན་དངོས་ཐོག་བོད་སྐད་ཡིག་བྱ་བའི་འགན་འཁྲི་རང་བཞིན་དྲག་ཏུ་གཏོང་དགོས།
གྲོས་ཚོགས་སུ་ནན་གྱིས་བསྟན་དོན། བོད་སྐད་ཡིག་བྱ་བ་ནི་ཆབ་སྲིད་རང་བཞིན་དང་། སྲིད་ཇུས་རང་བཞིན། སྤྱི་ཚོགས་རང་བཞིན། མང་ཚོགས་རང་བཞིན་བཅས་ཤིན་ཏུ་དྲག་པའི་བྱ་བ་ཞིག་ཡིན་ཞིང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་ཐོག་བོད་སྐད་ཡིག་བྱ་བའི་རྩ་འཛུགས་ཀྱི་འགོ་ཁྲིད་དྲག་ཏུ་གཏོང་དགོས་པ་དང་། ལྗོངས་དང་ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་བོད་སྐད་ཡིག་བྱ་བའི་དོ་དམ་ལས་ཁུངས་སྒྲིག་གཞིའི་གནད་དོན་ཐག་གཅོད་བྱེད་པ་དང་། རིམ་པ་སོ་སོའི་བོད་སྐད་ཡིག་བྱ་བའི་སྡེ་ཁག་གི་འགོ་ཁྲིད་ཚན་ཆུང་སྒྲིག་འཛུགས་ལེགས་པོ་བྱེད་དགོས་ཏེ། ལས་ཁུངས་ཡོད་པ་དང་། ལས་གནས་ཡོད་པ། ལས་མི་ཡོད་པ་བཅས་ཁག་ཐེག་སྒོས་བོད་སྐད་ཡིག་བྱ་བ་གྲོས་ཐོ་རུ་བཀོད་ནས་བོད་སྐད་ཡིག་བྱ་བའི་ཁྲོད་ཀྱི་དཀའ་ཁག་དང་དཀའ་གནད་སེལ་དགོས། ལས་སྒོའི་མ་དངུལ་དང་། གཞུང་སྒྲུབ་ཁོར་ཡུག་ལེགས་བཅོས། བྱ་བའི་ཆ་རྐྱེན་སོགས་ཀྱི་ཐད་ནས་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་སོ་སོའི་བོད་སྐད་ཡིག་བྱ་བའི་སྡེ་ཁག་གིས་བོད་སྐད་ཡིག་བྱ་བའི་དོ་དམ་གྱི་འགན་འཁྲི་ནན་གྱིས་བསྟར་དགོས་པ་དང་། བོད་སྐད་ཡིག་བྱ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས་སོ།།