ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་དུ་བོད་ཀྱི་དམངས་གླུ་སྲུང་སྐྱོབ་བརྒྱུད་འཛིན་དངོས་སྦྱོང་བྱ་འགུལ་སྤེལ།
བྱ་འགུལ་སྤེལ་བའི་ཡུལ་དངོས།
ཟླ12པའི་ཚེས1ཉིན། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་དཔའ་རིས་བོད་ཀྱི་དམངས་གླུ་སྲུང་སྐྱོབ་བརྒྱུད་འཛིན་དངོས་སྦྱོང་བྱ་འགུལ་སྤེལ་བ་རེད།
ཀན་སུའུ་ཞིང་ཆེན་རིམ་པའི་སྒྱུ་རྩལ་མི་སྣས་ཡུལ་དངོས་སུ་སྒྱུ་རྩལ་སློབ་སྟོན་གནང་བ།
ཐེངས་འདིའི་བྱ་འགུལ་ནི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་སྤེལ་ཞེས་པ་བརྗོད་དོན་དུ་བཟུང་སྟེ། དགེ་རྒན་གྱི་སློབ་ཕྲུག་གི་སྣེ་ཁྲིད་པ་དང་། དགེ་སློབ་མཉམ་འབྲེལ་རྒྱུན་འཛིན་གྱི་རྣམ་པ་གཙོས་དཔའ་རིས་བོད་ཀྱི་དམངས་གླུ་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་མི་སྣ་དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ། དམངས་ཁྲོད་སྒྱུ་རྩལ་པ། སློབ་གྲྭའི་སློབ་མ། དེ་མིན་དཔའ་རིས་ཀྱི་དམངས་གླུ་ལ་བྱང་ཆ་ལྡན་པའི་མི་སྣ་སོགས་སྡོམ་པས་སྒྱུ་རྩལ་པའི་ཚབ་བྱེད་མི45བྱ་འགུལ་དུ་ཞུགས་ཡོད་ཅིང་། དེར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རྒྱུན་འཛིན་མི་སྣས་ཡུལ་དངོས་སུ་སྒྱུ་རྩལ་གྱི་སློབ་སྟོན་དང་། སྒྱུ་རྩལ་པའི་འཁྲབ་སྟོན། སློབ་མས་སློབ་སྦྱོང་བྱེད་པ་སོགས་ཕྱོགས་དུ་མ་འདུས་ལ། བྱ་འགུལ་དུ་ཆང་གཞས་དང་། བསྟོད་གླུ། ལ་གཞས། རྩེད་རིག ཁ་ཤགས་སོགས་སྣ་ཚོགས་ཡོད།
སྒྱུ་རྩལ་པ་རྒན་པས་སྒྱུ་རྩལ་འཁྲབ་སྟོན་བྱེད་པ།