logo

མཚོ་ནུབ་ཁུལ་གྱི་བརྙན་འཕྲིན་བརྩམས་ཆོས་ལ་ཡཱ་གླིང་གློག་བརྙན་ཆུང་བའི་དུས་ཆེན་གྱི་བྱ་དགའ་གཉིས་ཐོབ།

རྩོམ་པ་པོ།:སྐལ་བཟང་རྒྱལ། ཆེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-29 ཀློག་གྲངས།:

མཚོ་ནུབ་ཀྱི་བརྙན་འཕྲིན་བརྩམས་ཆོས་ལ་ཡཱ་གླིང་གློག་བརྙན་དུས་ཆེན་གྱི་བྱ་དགའ་ཐོབ།

      ཉེ་ཆར། མཚོ་ནུབ་ཁུལ་གྱི་བརྙན་འཕྲིན་འཕྲིན་ཁང་གིས་བདམས་སྐྱེལ་བྱས་པའི་མཐའ་མཇུག་གི་སྦྲ་ནག་ཞེས་པའི་བརྙན་འཕྲིན་བརྩམས་ཆོས་ལ་སྐབས་དང་པོའི་ཡཱ་གླིང་གི་གློག་བརྙན་ཆུང་བའི་དུས་ཆེན་གྱི་གསེར་གྱི་མངར་འབྲས་མེ་ཏོག་རྟགས་མའི་རྣམ་གྲངས་རྐྱང་མའི་བྱ་དགའ་དང་སྔོན་ཐོན་བྱ་དགའ་ཐོབ།
      སྐབས་དང་པོའི་ཡཱ་གླིང་གི་གློག་བརྙན་ཆུང་བའི་སྒྱུ་རྩལ་དུས་ཆེན་གྱི་དམིགས་ཡུལ་ནི་ཡཱ་གླིང་གི་རྒྱལ་ཁབ་སོ་སོའི་སྔོན་ཐོན་གྱི་གློག་བརྙན་ཆུང་བའི་བརྩམས་ཆོས་དང་གློག་བརྙན་དང་བརྙན་འཕྲིན་མི་སྣ་ལ་གཟེངས་བསྟོད་དང་ཡཱ་གླིང་གི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་བྱེད་པའི་མི་སྣའི་སྤུས་ལེགས་བརྩམས་ཆོས་མང་བོ་འདོན་པར་སྐུལ་སློང་བྱེད་རྒྱུ་དེ་རེད།

      རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཧན་ཀོ་དང་ཐེ་ཀོ ཨ་མེ་རི་ཁ་སོགས་རྒྱལ་ཁབ་དང་། ཀྲུང་གོའི་ཐེ་ཝན་དང་ཞང་ཀང་། ཨོ་མིན་ས་ཁུལ་སོགས་དང་། ནང་ལོག་གི་ཞིང་ཆེན་དང་གྲོང་ཁྱེར་ནས་བདམས་སྐྱེལ་བྱས་པའི་བརྙན་ཟློས་ཆུང་བ་དང་གློག་བརྙན་ཆུང་བའི་བརྩམས་ཆོས1715འབྱོར་བ་དང་། ཐོག་མའི་དཔྱད་འདེམས་དང་བསྐྱར་འདེམས་བྱས་རྗེས་བརྩམས་ཆོས186ནང་དུ་བདམས་ཐོན་བྱུང་བ་རེད།
      མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་བརྙན་འཕྲན་འཕྲིན་ཁང་གིས་བདམས་སྐྱེལ་བྱས་པའི་མཐའ་མཇུག་གི་སྦྲ་ནག་ཞེས་པའི་བརྙན་འཕྲིན་བརྩམས་ཆོས་ལ་འཚོ་བ་དངོས་ཀྱི་དོན་སྙིང་ལྡན་ཞིང་རྒྱུན་ལྡན་གྱི་མང་ཚོགས་ཀྱི་གཏམ་རྒྱུད་ཞིག་བརྒྱུད་དེ་སྤྱི་ཚོགས་ཡོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་དོ་ཁུར་བྱེད་པ་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ད་དུང་མཚོ་ནུབ་ཀྱི་མིའི་བཟོས་ཡུལ་ལྗོངས་དང་དམངས་སྲོལ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།