བོད་དམངས་སེར་སྐྱའི་ཚོགས་ཀྱིས་ལྷ་བབས་དུས་ཆེན་རོལ་བ།
སེར་སྐྱའི་ཚོགས་ཀྱིས་ལྷ་བབས་དུས་ཆེན་རོལ་བ།
སྤྱི་ཟླ11པའི་ཚེས24ཉིན་ནི་བོད་ལུགས་ཀྱི་ཟླ9པའི་ཚེས22ཉིན་ཏེ། ལོ་རེར་ཐེངས་གཅིག་ལ་རོལ་བའི་ལྷ་བབས་དུས་ཆེན་ཡིན་པ་རེད། ཉིན་དེར་སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་བོད་ཀྱི་སྲོལ་ལུགས་ལྟར་སོ་སོའི་ཡུལ་ཁོངས་ཀྱི་ཆོས་སྡེ་རུ་སོང་སྟེ་དཀོན་མཆོག་གསུམ་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྟབས་ནས། འགྲོ་བ་སེམས་ཅན་ཀུན་མི་འདོད་རྐྱེན་ངན་ལས་ཐར་ཞིང་བདེ་བའི་རྒྱུ་ཀུན་འཕེལ་བའི་སྨོན་ལམ་བཏབ།
བོད་ཟླ9བའི་ཚེས22ཉིན་ནི་ལྷ་བབས་དུས་ཆེན་ཏེ་སྟོན་པ་ཤཱཀྱ་མུ་ནེ་སུམ་རྩེན་ལྷའི་ཡུལ་ནས་འཇིག་རྟེན་མི་ཡུལ་དུ་བྱོན་པར་བསུ་བའི་དུས་ཆེན་ཞིག་ཡིན་ཞིང་། བོད་འབངས་རྣམས་ཀྱིས་སྟོན་པ་ཤཱཀྱ་མུ་ནེ་དང་འབྲེལ་བའི་ལྷ་བབས་དུས་ཆེན་དང་། བོད་ཟླ་དང་པོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ས་ག་ཟླ་བ། བོད་ཟླ་དྲུག་པའི་ཚེས་བཞིའི་གནས་རིར་ཆོས་སྐོར་རྒྱག་པའི་དུས་ཆེན་བཅས་ལ་སྟོན་པའི་དུས་ཆེན་བཞི་རུ་བཤད།
གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།