༄༅།།བོད་སྨན་གྱི་རིམས་འགོག་སྨན་སྣ་ཁག་སྨན་བཅོས་འགན་སྲུང་ནང་བླངས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ།
དུས་ཚོད།:2020-02-01
ཀློག་གྲངས།:
ཟླ1ཚེས31ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་གསལ་ལྟར་ན། ཉིན་འདི་དག་རིང་ལ་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར་སྔ་ཕྱིར་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་ཐོག་ནད་ཡམས་སྔོན་འགོག་དང་བཅོས་སྐྱོབ་ལ་ཕན་པའི་སྨན་བཅོས་འགན་སྲུང་ཐད་ཀྱི་སྲིད་ཇུས་བྱེད་ཐབས16བཏོན་ནས་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གི་གློ་བའི་གཉན་རིམས་འགོས་པ་ངོས་ཟིན་པའི་ནད་པ་དང་དོགས་གཞི་ཅན་གྱི་ནད་པར་རིན་མེད་སྒོས་སྨན་བཅོས་བྱས་ནས་ནད་པའི་སེམས་ཁྲལ་སེལ་ཐུབ་ལ་ནུས་ཤུགས་ཡོད་རྒུ་བཏོན་ཡོད་པ་རེད།
ཤེས་གསལ་ལྟར་ན། ཉེ་ལམ་ཞིང་ཆེན་རྒྱ་སྨན་ཁང་དང་བོད་སྨན་ཁང་གཉིས་ཀྱིས་རང་ཞིང་གི་རྒྱལ་སྨན་དང་ཆེད་མཁས་པ་རྣམས་སྒྲིག་འཛུགས་བྱས་ནས2003ལོར་ས་སིབ་ནད་ཡམས་བྱུང་བའི་སྐབས་སུ་སྡེབ་སྦྱོར་བྱས་པའི་རིམས་འགོག་སྨན་སྣ་ལྔ་གཞི་བྱས་ཏེ། ཆམ་རིམས་སྔོན་འགོག་དང་། ཏོག་དབྱིབས་ནད་དུག་གི་གློ་བའི་གཉན་རིམས་འགོག་བཅོས་ལ་ཕན་ནུས་ངེས་ཅན་ལྡན་པའི་སྨན་སྣ་བརྒྱད་དེ། 正避瘟合剂、藿兰清化饮、芩蚕解毒合剂、防瘟散、གཅིག་ཤེས་ཀུན་གྲོལ་དང་། སླེ་ཏྲེས་བདུན་ཐང་ཅུར་ནིས། འཕྲུལ་ཐང་ཅུར་ནིས། བདུག་སྤོས་ཡེ་ཤེས་ལྔ་སྦྱོར་སོགས་རང་རྟོགས་ཀྱིས་བཟོས་པའི་གནས་ཚུལ་དེ་རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཅུས་ཀྱི་ལས་བྱེད་པས་ཟླ1ཚེས29ཉིན་དང་ཚེས30ཉིན་བར། ཏོག་དབྱིབས་ནད་དུག་གི་ནད་པ་བཅོས་སྐྱོབ་བྱེད་མཁན་སྨན་ཁང་དུ་ནད་ཡམས་སྔོན་འགོག་དང་ཚོད་འཛིན། དཔྱད་བཅོས་བྱ་བར་རྟོག་ཞིབ་བྱེད་དུས་ཤེས་རྟོགས་བྱུང་བས། སྨན་སྣ་དེ་དག་ལ་ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུས་ནས་ཞིབ་བཤེར་ཆོག་མཆན་བཀོད་འདུག
ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ནད་ཡམས་འགོག་བཅོས་ཀྱི་དམིགས་བསལ་དགོས་མཁོ་ལྟར་སྨན་སྣ་དེ་དག་རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ནང་བླངས་ནས་སྨན་རྫས་ཁ་པའི་དོ་དམ་ནང་བཞིན་ཞིང་ཆེན་གྱི་ཁྱབ་ཁོངས་ནས་བེད་སྤྱོད་གཏང་ཆོག་པར་གཏན་འཁེལ་བྱས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།