logo

༄༅།།ཨ་རོལ་ཚང་གིས་རིམས་ནད་སྔོན་འགོག་མདུན་སར་སྒོར་ཁྲི5ཞལ་འདེབས་སུ་ཕུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-12 ཀློག་གྲངས།:
ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བ་ནས་བཟུང་། མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཏང་ཨུའི་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ཏེ། ཁུལ་ཡོངས་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ"བྱམས་བརྩེ་འབུལ་བ་དང་ནད་རིམས་འགོག་རྒོལ"ཞེས་པའི་གྲོས་འགོ་བཏོན་པ་མ་ཟད། "རྒྱལ་གཅེས་ཆོས་གཅེས་དང་། ཉེན་སྐྱོར་དཀའ་སེལ"གྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་སྒོས། དངུལ་ཟོག་ཞལ་འདེབས་དང་མདུན་སའི་སྔོན་འགོག་མི་སྣ་སོགས་ལ་སེམས་གསོ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རིམས་ནད་སྔོན་འགོག་ལ་རོགས་སྐྱོར་གནང་། 
མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། བྲག་དཀར་སྤྲེལ་རྫོང་དགོན་པའི་དགོན་བདག་བླ་མ་ཨ་རོལ་ཚང་གིས་ཆོས་ལུགས་ཁྱབ་ཁོངས་མི་སྣའི་ནུས་པ་འདོན་སྤེལ་སྒོས་མི་སྒེར་ནས་སྒོར50000ཞལ་འདེབས་སུ་ཕུལ་ཏེ། ནུས་ཤུགས་ཡོད་རྒུས་གཞི་རིམ་མདུན་སའི་རིམས་འགོག་བྱ་བར་རྒྱབ་སྐྱོར་གནང་ལ། དངོས་ཡོད་ལག་ལེན་བརྒྱུད་དེ་ཆོས་ལུགས་ཁྱབ་ཁོངས་མི་སྣའི་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཤིང་། རིམས་ནད་སྔོན་འགོག་གི་དམག་འཐབ་ལ་རྒྱལ་ཁ་ལོན་པ་ནུས་ཤུགས་བཏོན།
ཁོང་གིས་བསྟན་དོན། ཆོས་ལུགས་མི་སྣ་ཞིག་ཡིན་པའི་ཆ་ནས། རིམས་འགོག་མདུན་ས་རུ་འཐབ་རེས་བྱེད་དཀའ་ནའང་། རིམས་ནད་ཀྱི་མདུན་དུ་མི་ཚང་མས་སྤྱི་ཚོགས་ཀྱི་འགན་འཁྲི་བསྟར་དགོས། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན། ཕྱོགས་སོ་སོས་རོགས་སྐྱོར་བྱེད་དགོས་ཏེ། ངས་རང་ཉིད་ཀྱི་ནུས་ཤུགས་བཏོན་ནས་མདུན་སའི་རིམས་འགོག་བྱ་བར་བྱམས་སེམས་ཙམ་འབུལ་བ་ཡིན་ལ། དངུལ་སྒོར་འདི་གཙོ་ཆེར་ཁུལ་ཡོངས་ཀྱི་རིམས་འགོག་མདུན་སར་ཧུར་བརྩོན་བྱེད་བཞིན་པའི་ལས་སྒྲུབ་མི་སྣར་སྤྱོད་པ་དང་། ནུས་ཤུགས་ཡོད་རྒུས་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱེད་པ་ཡིན། 
འབྲེལ་ཡོད་འོས་སྦྱོར།