logo

༄༅།།ཚེས18ཉིན་གྱི་ཕྱི་དྲོར་ཡང་མཚོ་སྔོན་གྱི་ཏོག་གསར་གློ་ཚད་ནད་པ1དྲག་ནས་སྨན་ཁང་ལས་སྒོར་བུད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-18 ཀློག་གྲངས།:
སྤྱི་ཟླ2པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད14:00སྟེང། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ1དྲག་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་སྒོར་བུད། 
ནད་པ་དེ་སྤྱི་ཟླ1པོའི་ཚེས31ཉིན་སྨན་ཁང་དུ་བསྡད་ཅིང་། ཉིན18ལ་སྨན་བཅོས་བྱས་པར་བརྒྱུད། དམིགས་ཚད་སོ་སོ་རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(བཟོ་བཅོས་བྱས་པའི་ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)》སྨན་ཁང་ནས་འབུད་པའི་ཚད་གཞི་དང་མཐུན་པས། ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་ཚན་ཆུང་གིས་དཔྱད་འཇོག་བྱས་ཏེ་སྨན་ཁང་ནས་སྒོར་བུད་ཆོག་པ་གཏན་འབེབས་བྱས།
འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་ངོས་བཅད་པའི་ཁྲོད་སྨན་བཅོས་བྱས་ཏེ་དྲག་པའི་སྨན་ཁང་ནས་སྒོར་འབུད་མཁན་གྱི་ནད་པ15བ་དེ་ཡིན་པ་དང་། སྨན་ཁང་ལས་སྒོར་བུད་རྗེས་ཉུང་མཐར་ཡང་ཉིན14ལ་ལོགས་སུ་བཀར་ནས་སྨན་བཅོས་ལྟ་ཞིབ་བྱེད་རྒྱུ། 
མིག་སྔར་མཚོ་སྔོན་གྱིས་ནད་ཐག་བཅད་པའི་བསྡོམས་པས་ནད་པ18ལས་ནད་པ15སྨན་བཅོས་བྱས་ཏེ་དྲག་པས་སྨན་ཁང་ལས་སྒོར་བུད། ད་དུང་ནད་པ3སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་ཁང་དུ་སྡོད་པའི་ནད་པའི་ནད་གཞི་བརྟན་འཇགས་ཡིན།
འབྲེལ་ཡོད་འོས་སྦྱོར།