logo

༄༅།།ཚེས20་ཉིན་ནས་བཟུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར་གཏང་རྒྱུ་རེད། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-19 ཀློག་གྲངས།:
2020ལོའི་ཟླ2པའི་ཚེས20ཉིན་ནས་བཟུང་། གསེར་ཆེན་ནས་ཟི་ལིང་དང་ཁྲི་ཀ། འབའ་རྫོང་། བྲག་དཀར། མགོ་མང་གཞོངས། མང་རྫོང་། རྨ་སྟོད། སྣེའུ་སྣ། ཚལ་རྔ་འགག་བཅས་སུ་རྒྱུན་ལྡན་གྱི་དུས་ཚོད་ལྟར་འགྲུལ་སྐྱེལ་རླངས་འཁོར་གཏང་རྒྱུ་རེད།
གསེར་ཆེན་རླངས་འཁོར་འབབ་ཚུགས་ཀྱིས2020ལོའི་ཟླ2པའི་ཚེས་20ཉིན་ནས་བཟུང་། འགྲུལ་སྐྱེལ་རླངས་འཁོར་གཏོང་འགོ་ཚུགས(ནུབ་མཚོ་གྲོང་རྡལ་དང་ཙོང་ཁ་རྫོང་གཉིས་ལ་གནས་སྐབས་སུ་སླར་གསོ་བྱས་མེད)རྒྱུ་ཡིན།  རིམས་འགོག་གི་སྐབས་སུ་རླངས་འཁོར་གཏོང་བའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད7:30ནས་ཕྱི་དྲོའི་ཆུ་ཚོད4བར་ཡིན་པ་དང་རྒྱ་ཆེའི་འགྲུལ་བ་རྣམས་རླངས་འཁོར་ནང་འདུག་པར་དགའ་བསུ་ཞུ།  (གསལ་འདེབས། རླངས་འཁོར་ནང་དུ་འདུག་སྐབས་རང་འགུལ་ངང་ཁ་ཐུམ་རྒྱག་དགོས་པ་དང་། རླངས་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣར་གཞོགས་འདེགས་བྱས་ཏེ་ལུས་པོའི་དྲོད་ཚད་ལ་ལྟ་བ་དང་ཐོ་འགོད་ལས་དོན་བསྒྲུབ་དགོས།) 
མཚོ་ལྷོ་ཁུལ་རླངས་འཁོར་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི།
མཚོ་སྔོན་ཞིང་ཆེན་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་སྤྱི་ཁྱབ་ས་ཚིགས།
གསེར་ཆེན་རླངས་འཁོར་འབབ་ཚུགས་ནས།
2020ལོའི་ཟླ2པའི་ཚེས19ཉིན།
འབྲེལ་ཡོད་འོས་སྦྱོར།