༄༅༎མཚོ་སྔོན་ནས་བཟའ་བཏུང་ལས་རིགས་རིམ་བཞིན་གཉེར་འགོ་རྩོམ་རྒྱུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2020-03-03
ཀློག་གྲངས།:
ཉེ་ཆར། ཞིང་ཆེན་སྲིད་གཞུང་གིས《ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཕྱོགས་ཡོངས་ནས་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་རེད།
བརྡ་ཐོའི་ནང་ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་དགོས་པ་དང་། བཟའ་བཏུང་ཁེ་ལས་ཀྱི་ཁྲིམས་འཁྲི་དོ་བདག་དང་གཉེར་སྐྱོང་པས་འགན་འཁྲི་བ་དང་པོའི་འགན་འཁྲི་ཁུར་ནས་གསོལ་ཆས་དང་། བཟའ་བཅའ། བཟའ་བཏུང་བཅས་ཀྱི་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་བ་དང་། བཟའ་བཏུང་ལས་རིགས་གཉེར་སྐྱོང་བྱེད་སྒོ་དང་ལྷག་པར་དུ་བཟའ་བཅའི་སྤུས་ཚད་སོགས་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་ནས་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་ཀྱི་དོན་རྐྱེན་ཐོན་རྒྱུ་གཏན་འགོག་བྱེད་དགོས་པ། ལས་རིགས་ཀྱི་མཛུབ་ཁྲིད་འགན་འཁྲི་དོན་འཁྱོལ་བྱས་ཏེ་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་ལས་རིགས་ཀྱི་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོ་བྱེད་པའི་བྱ་བ་སྤྱི་འདོམས་ཡག་པོ་སྒྲུབ་དགོས་ཤིང་། རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་བཟའ་བཏུང་ལས་རིགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་། འཕྲོད་བསྟེན་རིམས་འགོག་གི་ཚད་གཞིའམ་ཡང་ན་ཕྱོགས་སྟོན་བཟོས་ནས་ཁྱབ་སྒྲོག་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་དང་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས་པའི་རེ་བ་བཏོན་པ་རེད།
བརྡ་ཐོའི་ནང་། ཆེད་དོན་འགན་ལེན་ལ་སྔར་བས་ཤུགས་སྣོན་པ་དང་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིང་ཆེན་སྲིད་གཞུང་གི《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཁེ་ལས་འཕེལ་རྒྱས་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས》དང་། 《བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཁ་གསབ་གཏན་འབེབས》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བོགས་དངུལ་དང་། ཁྲལ་དངུལ། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ཐད་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་བཟའ་བཏུང་ལས་རིགས་སླར་གསོ་ལས་གཉེར་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཆེད་དོན་ཁ་གསབ་དང་རྒྱབ་སྐྱོར་བྱས་ནས་བཟའ་བཏུང་ལས་རིགས་ཀྱིས་དྲ་ཐོག་གཉེར་སྐྱོང་དང་ཁ་ཐུམ་བརྒྱབ་ནས་འཛད་སྤྱོད་བྱེད་སྟངས་ཁྱབ་གདལ་གཏང་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ་དང་། ཕྱོགས་གསུམ་པའི་ཟས་མངགས་ལས་སྟེགས་དང་ཐབ་ཚང་གི་དྲ་ཐོག་གཉེར་སྐྱོང་བྱེད་པའི་བཟའ་བཏུང་ཁེ་ལས་ལ་གྲོང་ཁྱེར་གཅིག་པའི་སྡེབ་སྐྱེལ་ཞབས་ཞུའི་ཐད་རྒྱབ་སྐྱོར་འོས་འཚམ་བྱེད་དགོས་ཤིང་། རིམས་འགོག་མཁོ་ཆས་མཐུན་སྦྱོར་དོན་འཁྱོལ་བྱེད་དགོས་པ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁག་གིས་ཁོངས་གཏོགས་ས་ཆའི་དོ་དམ་རྩ་དོན་གཞིར་བཟུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་སོགས་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ། ཁ་ཐུམ་དང་དུག་སེལ་གཤེར་ཁུ་སོགས་རིམས་འགོག་མཁོ་ཆས་མཁོ་འདོན་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་ད་དུང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྒྲིག་འཛུགས་དང་ལག་བསྟར་གོ་རིམ་ལྡན་པ་བྱེད་པ། དྲིལ་སྒྲོག་དང་ཁྲིད་སྟོན་ལ་སྣང་ཆེན་བྱེད་པ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།