༄༅།།བོད་ལྗོངས་སུ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས།
རྩོམ་པ་པོ།:ངེད་དྲ་བས་བསྒྱུར།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2020-06-30
ཀློག་གྲངས།:

སྤྱི་ཟླ6པའི་ཚེས28ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས་ཏེ། 2018ལོ་དང2019ལོར་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་ཕུལ་བྱུང་མཛད་རྗེས་བྱ་དགའ་དང་ཧི་ལིང་ཧི་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་། 2018ལོ་དང2019ལོར་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའི་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་བསྡོམས་པས་རྣམ་གྲངས40ལ་གཟེངས་བསྟོད་གནང་།

རྒྱུས་ལོན་པ་ལྟར་ན། 2016ལོ་ནས2019ལོའི་བར། བོད་ལྗོངས་ཚན་རྩལ་ཁྱབ་ཁོངས་སུ་བསྡོམས་པས་ཚན་རིག་ལག་རྩལ་བྱ་དགའ80དང་། བྱ་དགའ་ཨང་དང་པོ16། ཨང་གཉིས་པ29། ཨང་གསུམ་པ35། ཕུལ་བྱུང་མཛད་རྗེས་ཀྱི་བྱ་དགའ་ཐོབ་མཁན་མི2བདམས་ཐོན་བྱུང་ཡོད་པ་དང་། ཆེད་ཁེ་ཡར་ཞུ་དང་དབང་གནང་འཕར་སྣོན་ཆེན་པོ་བྱུང་། ཚན་རྩལ་འཕེལ་རྒྱས་དང་མུ་མཐུད་དུ་གསར་སྐྲུན་བྱེད་པ་དང་བསྟུན་ནས། 2018ལོར་བོད་རང་སྐྱོང་ལྗོངས་ཆེད་ཁེ་ཕན་ལྡན་གྲངས2027ཡོད་ཅིང་། དེ་ལས་གསར་གཏོད་ཆེད་ཁེ600དང་དངོས་སྤྱོད་གསར་རྣམ་ཆེད་ཁེ835། ཕྱི་ཚུལ་ཇུས་འགོད་ཆེད་ཁེ592ཡོད། ཆེད་ཁེའི་སྟུག་ཚད་ནི2019ལོའི1.19/མི་ཁྲི་རེ་ནས2020ལོར2/མི་ཁྲི་རེ་མཐོར་འདེགས་བྱུང་།