logo

༄༅།།མཚོ་བྱང་གི་ཕོ་རྒོད་འདིས་ཡང་བསྐྱར་རྒྱལ་ཡོངས་ཀྱི་ཨང་དང་བོ་བླངས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-12-15 ཀློག་གྲངས།:
      ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། 2020ལོའི་ཀོང་ཀྲོའུ་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་སྐྱེས་པའི་ཚན་ཆུང་གི་ཨང་དང་བོ་ཡོངས་བསྒྲགས་བྱས་ཡོད་ཅིང་། མཚོ་སྔོན་གྱི་ཕོ་རྒོད་རྒྱལ་ཏོག་ནོར་བུ་རྒྱལ་གྱིས་ཆུ་ཚོད2དང་སྐར་མ15སྐར་ཆ8ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་བོ་བླངས་འདུག
རྒྱལ་ཏོག་ནོར་བུ་རྒྱལ་གྱིས་ཨང་དང་བོ་བླངས་པ།(ཁྲིན་ཡོ་ཙིས་པར་བླངས།)
      ད་ལོར་ལོ25ཡིན་པའི་རྒྱལ་ཏོག་ནོར་བུ་རྒྱལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧའེ་རིགས་རང་སྐྱོང་རྫོང་འབྲུ་གུ་ཞང་དུ་སྐྱེས་པ་དང་ཀྲུང་གོའི་རྒྱུགས་ན་ཆེས་མགྱོགས་པའི་མང་ཚོགས་རྒྱང་རྒྱུགས་མཁན་ཞིག་ཡིན། ཁོ་ནི་ཀྲུང་གོའི་ལས་ཞོར་མ་ལ་སུང་རྒྱང་རྒྱུག་ལུས་རྩལ་པ་ཐོག་མ་དེ་ཡིན་པ་དངUTMBའགྲན་རར་ཨང་དང་བོ་ལེན་མཁན་གྱི་ཀྲུང་གོ་བ་ཐོག་མ་དེའང་ཡིན། 2019ལོའི་པིར་ལིན་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ཁྲོད། རྒྱལ་ཏོག་ནོར་བུ་རྒྱལ་གྱིས་ཆུ་ཚོད2དང་སྐར་མ14སྐར་ཆ31གི་གྲུབ་འབྲས་བླངས་ཏེ་ཀྲུང་གོའི་མང་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་ཆེས་མགྱོགས་པའི་ཟིན་ཐོ་སྐྲུན།
      ད་ལོའི་ཟླ11པའི་ཚེས29ཉིན་སྤེལ་བའི2020ལོའི་ཧྲང་ཧའེ་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་སྐྱེས་པའི་རུ་ཁག་ཁྲོད་རྒྱལ་ཏོག་ནོར་བུ་རྒྱལ་གྱིས་དུས་ཚོད2དང་སྐར་མ12དང་སྐར་ཆ44ཡི་ཕུལ་དུ་བྱུང་བའི་གྲུབ་འབྲས་སྤྱད་ནས་ཨང་དང་བོ་བླངས་པར་མ་ཟད། མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ཁྲོད་རྒྱལ་ནང་གི་ཟིན་ཐོ་གསར་བ་སྐྲུན།
འབྲེལ་ཡོད་འོས་སྦྱོར།