logo

༄༅།།རྒྱང་སྐྱོད་ཨང་བརྒྱད་པ་ཐོག་མར་འཕུར་བར་རྟེན་འབྲེལ་ཞུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2020-12-24 ཀློག་གྲངས།:
      ཟླ12པའི་ཚེས22ཉིན་གྱི་ཆུ་ཚོད12དང་སྐར་མ37གྱི་སྟེང་། རང་རྒྱལ་གྱིས་རང་བརྟེན་སྒོས་ཞིབ་འཇུག་བཟོ་སྐྲུན་བྱས་པའི་རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འབྲིང་གྲས་གསར་པའི་འཕུར་སྐྱོད་ཚོད་ལྟ་ཐོག་མ་དེ་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ནས་བདེ་བླག་ངང་ལག་བསྟར་བྱས་ཤིང་། མེ་ཤུགས་འཕུར་མདའ་རྒྱུན་ལྡན་ལྟར་འཕུར་ཐུབ་ལ་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད། 
       རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་རང་རྒྱལ་ལ་ཉི་མའི་མཉམ་བགྲོད་འཁོར་ལམ་ཐོག་ཏུན3ནས་ཏུན4.5བར་གྱི་སྐྱེལ་འདྲེན་ནུས་པ་མེད་པའི་སྟོང་ཆ་བསྐངས་པ་རེད། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རིམ་སྤར་ཡོང་བར་མགྱོགས་པོའི་ངང་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། རྒྱང་སྐྱོད་ཨང་ལྔ་པ་དང་། རྒྱང་སྐྱོད་ཨང་དྲུག་པ། རྒྱང་སྐྱོད་ཨང་བདུན་པ་སོགས་དུག་དང་སྦགས་བཙོག་མེད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་མཉམ་དུ་སྐྱེལ་འདྲེན་ནུས་པ་ཆེ་བ་དང་། འབྲིང་བ། ཆུང་བ་བཅས་ཀྱི་ཁྱབ་ཚུལ་ལུགས་མཐུན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རྣམ་པ་གསར་པ་ཞིག་ཆགས་ངེས་ཡིན། 
       རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐོག་མར་འཕུར་བའི་ཚོད་ལྟའི་རང་བཞིན་གྱི་འཁོར་སྐར5སྔོན་དཔག་གི་འཁོར་ལམ་ཐོག་འབྱོར་ཞིང་། འབྲེལ་ཡོད་འཁོར་སྐར་ཐེག་ཁུར་གྱིས་རླབས་ཕྲན་བརྙན་གྲུབ་སོགས་ཀྱི་ལག་རྩལ་ལ་འཁོར་ལམ་ཐོག་ནས་ཚོད་བཤེར་བྱ་རྒྱུ་ཡིན་ལ། བར་སྣང་ཚན་རིག་དང་། དེ་བཞིན་རྒྱང་ཚོར་དང་འཕྲིན་གཏོང་ལག་རྩལ་གྱི་ཚོད་ལྟ་དང་བཀོལ་སྤྱོད་བཅས་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།