༄༅།།མཚོ་ལྷོ་ཁུལ་གྱིས་བོད་ཡིག་བརྡ་ཆད་གསར་བ་ཚད་གཞི་ཅན་གྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-03-30
ཀློག་གྲངས།:

ཚོགས་ཐོག་ཏུ་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་སྙིང་བྱམས་རྒྱལ་གྱིས《མཚོ་ལྷོ་ཁུལ་གྱི་བོད་ཡིག་བརྡ་ཆད་གསར་བ་ཚད་གཞི་ཅན་གྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་བྱས་པ་དང་། ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཡིག་སྒྱུར་ཞིབ་བཤེར་བ་གཞོན་པ་ལྷ་འབྲུག་རྒྱལ་གྱིས《མཚོ་ལྷོ་ཁུལ་གྱི་རྒྱ་བོད་བརྡ་ཆད་གསར་བའི་ལག་དེབ》རྩོམ་སྒྲིག་བྱས་ཚུལ་ངོ་སྤྲོད་བྱས་ཤིང་། ཁུལ་བོད་ཡིག་བརྡ་ཆད་གསར་བ་ཚད་གཞི་ཅན་གྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིས་རང་སོ་སོའི་སྡེ་ཚན་གྱི་ལས་སྒོའི་ངོས་ནས་བརྡ་ཆད་གསར་བའི་ཚད་གཞི་ཅན་གྱི་བྱ་བའི་ཐད་དུ་རང་གི་བསམ་བློ་བརྗེ་རེས་བྱས།




ཁུལ་དཔོན་གཞོན་པ་དཔའ་འབུམ་ཐར་གྱིས་གསུང་རྒྱུར། བོད་ཡིག་ཚད་ལྡན་ཅན་གྱི་ཡིག་སྒྱུར་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་ལེན་བསྟར་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་སྔར་བས་ལག་བསྟར་དངོས་འབེབས་ཡག་པོ་བྱས་པ། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་བར་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། དེ་མིན་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།
དཔའ་འབུམ་ཐར་གྱི་ནན་གྱིས་བསྟན་དོན། 2021ལོ་ནི“ལྔའི་བཅུ་བཞི་བ”འགོ་ཚུགས་པའི་ལོ་ཡིན་ཞིང་། བོད་ཡིག་གི་བརྡ་ཆད་གསར་བའི་བྱ་བ་ཇི་ལྟར་ཡག་པོ་བསྒྲུབ་རྒྱུ་ནི་བོད་སྐད་ཡིག་ལས་དོན་པའི་མདུན་དུ་ལྷགས་པའི་ལས་འགན་གལ་ཆེན་དང་འགན་འཁྲི་གལ་ཆེན་ཞིག་ཀྱང་རེད།གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་བརྟན་དུ་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས།
གཉིས་ནས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་འགན་འཁྲི་དངོས་འབེབས་བྱེད་ཤུགས་ཆེ་རུ་གཏོང་དགོས།
གསུམ་ནས་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།