སྒོ་བྱང་སོགས་སུ་བརྡ་ཆད་ཚད་ལྡན་དུ་གཏོང་བའི་བྱ་བ་བསྒྲུབས་པ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2021-09-14
ཀློག་གྲངས།:
《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》དང《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་བྱ་བའི་སྲོལ་ཡིག》སོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱ་ཆེད།ཟླ9པའི་ཚེས8ཉིན་ནས་བཟུང་། རང་ཁུལ་གྱི་བོད་ཡིག་བརྡ་ཆད་གསར་བའི་ལས་དོན་མཉམ་འབྲེལ་ཚོགས་པའི་ཁོངས་མིས་གྲུབ་པའི་ཞིབ་བཤེར་ཚོགས་པ་ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་སྨྱན་སྦྱོར་ལྟེ་གནས།ད་དུང་ཤང་དང་གྲོང་རྡལ། འབྲེལ་ཡོད་ལས་ཁུངས་སོགས་སུ་ཕྱིན་ནས་《མཚོ་ལྷོ་ཁུལ་དུས་མཐུན་རྒྱ་བོད་བརྡ་ཆད་གསར་བའི་ལག་དེབ》དོན་འཁྱོལ་བྱེད་བཞིན་པར་ཞིབ་བཤེར་དང་མཛུབ་སྟོན་བྱས། དེ་དང་ཆབས་ཅིག ཁུལ་དང་རྫོང་རིམ་པས་མཉམ་འབྲེལ་སྒོས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁོངས་གཏོགས་ཤང་དང་གྲོང་རྡལ་གྱི་སྲང་ལམ་གྱི་སྒོ་བྱང་ཡི་གེ་གཙང་བཤེར་དང་ཞུ་དག་བྱས།
རྫོང་མི་དམངས་སྲིད་གཞུང་སོ་སོས་སྤྱི་ཚོགས་ཐོག་གི་ཡིག་རིགས་བཀོལ་སྤྱོད་གཙང་བཤེར་དང་ཞུ་དག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་མགོ་ཁྲིད་ཚན་ཆུང་བཙུགས་ནས་གྲོང་རྡལ་དང་ཡུལ་སྐོར་ལྗོངས་ཁུལ་གཙོ་གནད་དུ་བཟུང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོངས་གཏོགས་སུ་ཡིག་ནོར་ཞུ་དག་ལས་སྒོ་སྤེལ་བ་དང་།ཐེངས་འདིར་ཁུལ་ཡོངས་ཀྱི་ནང་ཁུལ་ནས་ཁྱོན་བསྡོམས་ཚད་ལྡན་མིན་པའི་སྒོ་བྱང307གཙང་བཤེར་དང་ཞུ་དག་བྱས་པ་དང་གྲུབ་འབྲས་ལེགས་པོ་ཐོབ།
གཞན་ཡང་། ཞིབ་བཤེར་ཚན་ཆུང་གིས་ད་ལོའི་རྫོང་སོ་སོའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཁྲོད་བྱུང་བའི་སྐད་ཡིག་གསར་བ་དག་ལ་གཅིག་གྱུར་ཞིབ་བཤེར་བྱས་པ་མ་ཟད། 《མཚོ་ལྷོ་ཁུལ་དུས་མཐུན་རྒྱ་བོད་བརྡ་ཆད་གསར་བའི་ལག་དེབ》ཚད་ལྡན་ངང་བཀོལ་སྤྱོད་བྱེད་པའི་རེ་བ་བཏོན་ཞིང་བོད་ཡིག་གི་བརྡ་ཆད་གསར་བའི་བེད་སྤྱོད་ཚད་ལྡན་དུ་གཏོང་བའི་བྱ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་བྱ་བའི་ཁྲོད་དུ་བཞག་ནས།ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ངོས་འཛིན་གཅིག་མཐུན་དང་། ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་བརྒྱུད་རྫོང་ཁག་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བྱེད་མི་སྣས་རང་སོ་སོའི་ལས་ཀའི་ཁྱབ་ཁོངས་ཀྱི་ཐ་སྙད་གསར་བ་དང་འགྱུར་ཡིག་ལ་དམིགས་ནས་ཚད་ལྡན་ཅན་དུ་གཏོང་བ་སོགས་ཀྱི་ཐད་ལ་གྲོས་བསྡུར་བྱས། རྗེས་ཕྱོགས་ཁུལ་ཡོངས་ཀྱི་ཐ་སྙད་གསར་བ་དང་བརྡ་ཆད་ཚད་ལྡན་དུ་གཏོང་བའི་ལས་དོན་ལ་བསམ་འཆར་དང་གྲོས་མགོ་བཏོན་པ་རེད།
ཐེངས་འདིའི་ཞིབ་བཤེར་བྱས་པ་བརྒྱུད།ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ《མཚོ་ལྷོ་ཁུལ་དུས་མཐུན་རྒྱ་བོད་བརྡ་ཆད་གསར་བའི་ལག་དེབ》སྔར་ལས་ལྷག་པའི་སྒོ་ནས་ལག་ལེན་དོན་འཁྱོལ་བྱེད་པ།འབྲེལ་ཡོད་སྡེ་ཁག་དང་རྫོང་མི་དམངས་སྲིད་གཞུང་སོ་སོས་《མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དང་ལག་བསྟར་ནན་ཏན་བྱེད་པའི་ཚད་མཐོ་རུ་བཏང་བ་དང་།《མཚོ་ལྷོ་ཁུལ་དུས་མཐུན་རྒྱ་བོད་བརྡ་ཆད་གསར་བའི་ལག་དེབ》དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཡིག་བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་།



འབྲེལ་ཡོད་འོས་སྦྱོར།