logo

རྩོམ་ཡོན་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2021-10-09 ཀློག་གྲངས།:
བློ་མཐུན་རྩོམ་སྒྲིག་པ་ལགས།
      གྲོང་ཁྱེར་གྱི་འདུ་འཛི་རབ་ཏུ་རྒོད་པའི་འཚོ་བའི་བར་གསེང་ན། ནམ་ཡང་དཀའ་སྡུག་ཡོད་ཚད་ཐོད་དུ་འཁུར་བའི་ངའི་སྐྱེས་པ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་བྱ་བ་སྒྲུབ་བཞིན་ཡོད་ལ། དུས་རྒྱུན་བྱ་བའི་ཁོམ་གསེང་བར་ནས་དྲ་ཚིགས་དང་སྤྱི་སྟེགས་ཁ་ཤས་སུ་བརྙན་དང་རྩོམ་ཡིག་ཉུང་ཙམ་སྤེལ་རྒྱུ་གོམས་ལོབས་སུ་གྱུར་ཡོད་ཅིང་། ཡིན་ན་ཡང་ཁོས་ད་རག་བར་དུ་དྲ་ཚིགས་དང་སྤྱི་སྟེགས་སྟེང་སྤེལ་བའི་རྩོམ་ཡོན་ག་ཙམ་ཡོད་པ་ང་ལ་བཤད་མ་མྱོང་། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་བརྙན་དང་རྩོམ་དེ་དག་སྤེལ་བའི་ཡོང་འབབ་ནི་ཁོ་མི་སྒེར་གྱི་རྒྱུ་ནོར་ཡིན་ནམ་ཡང་ན་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཡིན། ཞེས་དབང་མོ་ཡིས།
སྐྱེས་མ་བློ་མཐུན་དབང་མོ་ལགས།
      རང་རྒྱལདམངས་དོན་ཁྲིམས་གཞུངགི་དོན་ཚན1062པའི་ཚན་པ1པོ་དང3པའི་གཏན་འཁེལ་ལྟར་ན། “བཟའ་ཟླ་གཉིས་ཀྱིས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་རིང་ལ་བསགས་པའི་གཤམ་གསལ་རྒྱུ་ནོར་དག བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཡིན་ཞིང་། དེ་ནི་བཟའ་ཟླ་ཐུན་མོང་ལ་དབང་བ་སྟེ།གཅིགགླ་ཕོགས་དང་བྱ་དགའི་དངུལ།ངལ་ལས་བྱས་པའི་གླ་ཆའི་རིགས།གསུམཤེས་བྱའི་བདག་དབང་གི་ཡོང་སྒོའི་རིགས” ཞེས་བཀོད་ཡོད། བཅའ་ཁྲིམས་འདིའི་གཏན་འཁེལ་གཞིར་བཟུང་ན། གླ་ཕོགས་དང་བྱ་དགའི་དངུལ་སོགས་གཏན་འཇགས་བྱ་བ་ལས་ཐོབ་པའི་གླ་ཆའི་ཕན་ཆད་དང་། དཔེར་ན་བློ་སྟོན་གྲོན་དངུལ་དང་སློབ་ཁྲིད་གྲོན་དངུལ། རྩོན་ཡོན་སོགས་གཏན་འཇགས་མིན་པའི་བྱ་བ་བརྒྱུད་ནས་ཐོབ་པའི་གླ་ཆའང་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཡིན། དེར་བརྟེན། ཁྱོད་ཀྱི་སྐྱེས་པས་བརྙན་དང་རྩོམ་ཡིག་སྤེལ་བ་བརྒྱུད་ནས་ཐོབ་པའི་གླ་ཆ་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཁོངས་སུ་གཏོགས།   ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
འབྲེལ་ཡོད་འོས་སྦྱོར།