༄༅།།རྒྱལ་ཡོངས་བོད་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་བགྲོ་གླེང་ཚོགས་འདུ་གཙོས་སུ་འཚོགས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགས།
དུས་ཚོད།:2021-10-13
ཀློག་གྲངས།:
དེ་རིང
(སྤྱི་ཟླ
10ཚེས
13)སྔ་དྲོར།
2021ལོའི་རྒྱལ་ཡོངས་བོད་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་བགྲོ་གླེང་ཚོགས་འདུ་གནས་མཆོག་གཙོས་གྲོང་དུ་འཚོགས་པ་དང་། རྒྱལ་ཡོངས་ཡུལ་གྲུ་སོ་སོ་ནས་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས། ཞིབ་འཇུག་མི་སྣ་སོགས
200ལྷག་ཚོགས་འདུར་ཞུགས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱིས་གཙོར་སྒྲུབ་བྱས་པ་དང་། བོད་ལྗོངས་སྨན་རྩིས་ཁང་དང་ཀན་ལྷོ་ཁུལ་སྨན་རྩིས་ཁང་གིས་རོགས་སྒྲུབ་བྱས་པ། ཀན་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་བྱས།
བོད་ལྗོངས་སྨན་རྩིས་ཁང་གི་མགོ་གཙོ་གཞོན་པའམ་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱི་ཚོགས་གཙོ་ཡུམ་པ་ལགས་ཀྱིས་ཚོགས་འདུའི་མགོ་བཟུང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞོ་ལིན་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཱ་པའོ་ཧྲུན། ཁུལ་བོད་སྨན་ཁང་གི་མགོ་གཙོ་ཐུབ་པ་ཚེ་རིང་། བོད་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། རིམ་པ་དང་བོའི་སྐོར་གཟིགས་པ་བུ་ཆུང་། བོད་ལྗོངས་སྨན་རྩིས་ཁང་གི་མགོ་གཙོ་པད་མ་དབྱངས་སྒྲོན་སོགས་འབྲེལ་ཡོད་མགོ་ཁྲིད་རྣམས་ཀྱིས་ཚོགས་འདུའི་མཛད་སྒོར་གསུང་བཤད་གནང་།
གནམ་རིག་སྐར་རྩིས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་ནང་གསེས་གལ་ཆེན་ཞིག་ཡིན། རིག་གཞུང་འདི་ཉིད་ལ་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ཡོད་པ་མ་ཟད། དེང་དུས་ཀྱི་ཚན་རིག་དང་ཧ་ཅང་མཐུན་པ་ཞིག་ཡིན་ལ། སྔ་རྗེས་སུ་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད།
ཚོགས་རའི་ཡུལ་དངོས།
ཚོགས་རའི་ཡུལ་དངོས།
ཚོགས་འདུ་འདི་ནི་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཐེངས་བཅུ་པའི་འཐུས་མིའི་ཚོགས་འདུའི་དགོངས་དོན་གཞིར་བཟུང་ཐོག་ཚན་རིག་ལག་རྩལ་དར་རྒྱས་དང་། ཚན་རྩལ་མི་སྣ་གསོ་སྐྱོང་། རིག་གཞུང་རྒྱུད་འཛིན་དང་འཕེལ་རྒྱས་ལ་དམིགས་ནས་འཚོགས་པ་ཤིག་ཡིན་ཞིང་།ཟླ
10པའི་ཚེས
12ནས
14བར་གནམ་རིག་སྐར་རྩིས་ལས་ལོ་ཐོའི་ཞིབ་འཇུག་དང་བེད་སྤྱོད་སྐོར་ནས་རིག་གཞུང་བགྲོ་གླེང་བྱ་རྒྱུ་རེད།།
ཚོགས་ཞུགས་མཉམ་པར།