logo

༄༅། །དུས་རབས་གསར་བའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་ཞིང་ཆེན་དང་པུའུ་རིམ་པའི་གླེང་སྟེགས་བསྡུས་པ།

རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-18 ཀློག་གྲངས།:
        ཟླ10པའི་ཚེས15ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་དུས་རབས་གསར་བའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་ཞིང་ཆེན་དང་པུའུ་རིམ་པའི་གླེང་སྟེགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཝང་མིན་ཝེ་ཡིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅིན་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཞིན་ཁྲང་ཞིང་མགོ་རྩོམ་མཛད་སྒོར་མགོ་འཛིན་མཛད་པ་མ་ཟད་བརྗོད་དོན་གཙོ་བོ་དང་འབྲེལ་ནས་གསུང་བཤད་གནང་།
        གླེང་སྟེགས་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའམ་ཀྲུང་གོ་བཟོ་བཀོད་སློབ་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ཏིང་ལེ་ཡུན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའམ་ཀྲུང་གོ་བཟོ་བཀོད་ཇུས་འགོད་གླིང་ཚད་ཡོད་ཀུང་སིའི་མཚན་འཛིན་ཡོན་ཀྲང་ཚུའེ་ཁའེ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའམ་ཤར་ལྷོ་སློབ་ཆེན་བཟོ་བཀོད་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཅན་གོ དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་གྲོང་ཁྱེར་འཆར་འགོད་པའམ་རྒྱལ་ཡོངས་བཟོ་སྐྲུན་རྩད་ཞིབ་ཀྱི་ཇུས་འགོད་སློབ་དཔོནཆེན་མོ་ལི་ཞའོ་ཅང་། ཤིས་ཨན་བཟོ་བཀོད་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་ཝང་ཧྲུའུ་ཧྲིན་བཅས་ཀྱིས“མཛེས་སྡུག་གི་མཁར་གྲོང་། བདེ་སྐྱིད་ཀྱི་འཚོ་བ”ཞེས་པའི་ཐེངས་འདིའི་བརྗོད་དོན་གཙོ་བོ་དང་འབྲེལ་ནས་གཏམ་བཤད་གནང་།
        མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་པ་གསར་པའི་མཁར་གྲོང་ཅན་དུ་བསྒྱུར་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པའི་ལག་ལེན་དངོས་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་གནང་བའི“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི“ཆེས་ཆེ་ཤོས་གསུམ”གྱི་དངོས་གནས་གཞིར་བཟུང་སྟེ་རྣམ་པ་གསར་པའི་མཁར་གྲོང་ཅན་དུ་བསྒྱུར་བའི་བྱ་བར་བཀོད་སྒྲིག་བྱས། 2019ལོའི་ཟླ9པར། ཞིང་ཆེན་དང་པུའུ་མཉམ་སྐྲུན་གྱི་རྣམ་པ་བརྒྱུད་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུའི་བསམ་ཚུལ་བཏོན་པ་དང་། ལོ་དེའི་ཟླ11པའི་ཚེས18ཉིན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་པེ་ཅིང་དུཔུའུ་དང་ཞིང་ཆེན་གཉིས་ཀྱིས་མཉམ་དུ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུནསྟེང་མིང་རྟགས་བཀོད་དེ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས། 2020ལོར་རྒྱལ་ཡོངས་ནས་ཆེས་ཐོག་མརམཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིགགཏན་འབེབ་བྱས། ལོ་གཉིས་རིང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་བླ་མེད་རྒྱབ་སྐྱོར་འོག་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་མདུན་ནས་མདུན་དུ་སྐྱོད་ཐུབ་པ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་རེད།
        རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་། ནུབ་རྒྱུད་སྤུན་ཟླ་ཞིང་ཆེན(རང་སྐྱོང་ལྗོངས)། ཁ་གཏད་མཚོ་སྐྱོར་ཞིང་ཆེན(གྲོང་ཁྱེར)། མཉམ་ལས་ཞིང་ཆེན(གྲོང་ཁྱེར་དང་ཆུས)བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག དེ་མིན་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཚན་ཞིབ་ལས་ཁུངས་དང་། མཐོ་རིམ་སློབ་གླིང་། ལས་རིགས་མཐུན་ཚོགས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ལས་རིགས་ཀྱི་ཆེད་ལས་མཁས་པ་དང་མཁས་དབང་། དངུལ་རྩའི་ལས་རིགས་དང་ཁེ་ལས་ལས་རིགས་ཀྱི་འགན་ཁུར་བློ་མཐུན་བཅས་གླེང་སྟེགས་ལ་ཞུགས།
        ཉིན་དེའི་ཕྱི་དྲོར། “མཁར་གྲོང་གསར་སྒྱུར་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་ཚོད་ལྟའི་ངང་འཛུགས་སྐྲུན་བྱེད་པ”དང་།“མཁར་གྲོང་ལྗང་བསྒྱུར་འཕེལ་རྒྱས”“རིག་ལྡན་མཉེན་གཤིས་ཀྱི་བདེ་འཇགས་གྲོང་རྡལ”“རྨ་ཆུ་བཞུར་རྒྱུད་ཀྱི་མཁར་གྲོང་གི་ཆུ་མཁོ་འདོན་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”བཅས་ཡན་ལག་གླེང་སྟེགས་བཞི་དང་། “རིག་ལྡན་ཡར་སྐྱེད་ཀྱི་འཕེལ་རྒྱས་གསར་པ། མཛེས་སྡུག་མཐོ་སྒང་གི་དུས་རབས་གསར་བ། ——ཡུལ་ཧྲུའུ་གྲོང་ཁྱེར་གྱི་རིག་ལྡན་གྲོང་ཁྱེར་དཔེ་གསར་འཛུགས་སྐྲུན་བྱེད་པའི”ཞོར་ཚོགས་བཅས་འཚོགས། །
འབྲེལ་ཡོད་འོས་སྦྱོར།