logo

wpsབོད་ཡིག་པར་མ་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:TSOTSའཕྲིན་སྟེགས། དུས་ཚོད།:2021-10-22 ཀློག་གྲངས།:
        wpsནི་རྒྱལ་ནང་གི་གཞུང་སྒྲུབ་མཉེན་ཆས་ཆེས་ལེགས་ཤོས་ཡིན་པ་ཀུན་གྱིས་ཤེས་མོད། དེའི་ནང་དུ་བོད་ཡིག་པར་སྒྲིག་བྱེད་དུས་བོད་ཡིག་གི་བརྩེགས་རིམ་འཆོལ་བ། ཚིག་སྔ་ཕྱིའི་བར་ཐག་མི་སྙོམ་པ་སོགས་གནད་དོན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། དེ་བས་ད་སྔ་བར་དུ་བོད་ཡིག་བཀོལ་མཁན་དག་གིས་ཕྲ་མཉེན་མཐུན་གཉེར་ཁང་གིMicrosoft Officeབཀོལ་བཞིན་ཡོད་མོད། དེ་ཡང་ཕབ་ལེན་བྱེད་དུས་རིན་སྤྲོད་སོགས་ཀྱི་དཀའ་ལས་ཅུང་ཙམ་ཡོད་འདུག
        ཟླ10པའི་ཚེས་21ཉིན་རྒྱལ་ནང་གིwpsབོད་ཡིག་པར་མ་འགྲེམས་སྤེལ་གྱི་བྱེད་སྒོ་ལྷ་་རུ་འཚོགས་འདུག་ལ། དེའི་སྟེང་དུ金山གཞུང་སྒྲུབ་ཁང་གིས་སྨན་གླིང་རྫོང་སློབ་གསོའི་མ་ལག་ལ་wpsབོད་ཡིག་པར་མ་ཞལ་འདེབས་སུ་ཕུད་འདུག་པར་མ་ཟད། བོད་ལྗོངས་སློབ་ཆེན་དང་མཉམ་འབྲེལ་གྱིས“སྐད་བརྡའི་ལག་རྩལ་འཕེལ་རྒྱས་ཚོད་ལྟ་ཁང”བཙུགས་འདུག་པས། བོད་ཡིག་ཆ་འཕྲིན་ཅན་དུ་བསྐྱོད་པའི་གོམ་སྟབས་གསར་བ་ཞིག་ཡིན་ངེས། 
        རྒྱུས་ལོན་བྱུང་བ་ལྟར་ནwpsབོད་ཡིག་པར་མའི་ནང་དུ་བོད་རྒྱ་ཡིག་རིགས་མཉམ་བསྲེས་ཀྱི་པར་སྒྲིག་དང་། བོད་ཡིག་ལོ་ཙཱ། བོད་ཡིག་ཡིག་གཟུགས། བོད་ཡིག་འདྲ་གཞི་བཅས་ལྟེ་བའི་ནུས་པ་བཞི་ལྡན་པར་བཤད་འདུག
འབྲེལ་ཡོད་འོས་སྦྱོར།