༄༅། །རྒྱལ་ཡོངས་བོད་རིག་པའི་དུས་དེབ་མཐུན་སྦྱོར་ཚོགས་འདུ་དང་དུས་དེབ་རྩོམ་སྒྲིག་གསོ་སྦྱོང་ཚོགས་འདུ་སྐབས་དགུ་པ་བོད་ལྗོངས་ཉིང་ཁྲིར་འཚོགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-22
ཀློག་གྲངས།:

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་དང་། རིག་གཞུང་ལས་སྟེགས་ལ་བདེ་འཇགས་ཡོང་བར་ཤུགས་སྣོན་པ། རང་རྒྱལ་གྱི་བོད་རིག་པའི་དུས་དེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་ཡིག་གི་རིག་གཞུང་དུས་དེབ་ལ་གདེང་འཇོག་བྱེད་པའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བར་དམིགས་ཏེ། སྤྱི་ལོ2021ལོའི་ཟླ་10ཚེས་21ཉིན་ནས་ཚེས་23ཉིན་བར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་སྒྲུབ་གནང་ཞིང་། ནན་ཅིང་སློབ་ཆེན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གདེང་འཇོག་ལྟེ་གནས་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གཞུང་དོན་ཁང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་བཅས་ཀྱིས་རོགས་སྒྲུབ་བྱས་པ་དང་། «ཀྲུང་གོའི་བོད་རིག་པ་»དུས་དེབ་ཁང་དང་། «བོད་ལྗོངས་སློབ་ཆེན་རིག་དེབ།»རྩོམ་སྒྲིག་པུའུ། «ས་མཐོའི་ཞིང་ལས།»རྩོམ་སྒྲིག་པུའུ་བཅས་ཀྱིས་འགན་སྒྲུབ་བྱས་པའི“རྒྱལ་ཡོངས་ཀྱི་བོད་རིག་པའི་དུས་དེབ་མཐུན་སྦྱོར་ཚོགས་འདུ་སྐབས་དགུ་པ་དང་དུས་དེབ་རྩོམ་སྒྲིག་གསོ་སྦྱོང་ཚོགས་འདུ”དེ་བོད་ལྗོངས་ཉིང་ཁྲིར་འཚོགས་པ་རེད། ཚོགས་འདུའི་སྟེང་པེ་ཅིང་དང་། ནན་ཅིང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན། བོད་ལྗོངས་སོགས་ནས་ཕེབས་པའི་བོད་འབྲེལ་དུས་དེབ་ཀྱི་འགན་འཁུར་བ་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་ད་རེས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་འགོ་ཚུགས་མཛད་སྒོ་དེ་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ། «ཀྲུང་གོའི་བོད་རིག་པ་»དུས་དེབ་ཀྱི་གཙོ་སྒྲིག་པ་ཝང་ཝའེ་ཆང་གིས་གཙོ་སྐྱོང་གནང་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལེན་ཤང་མིན་དང་། བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ། སློབ་གཙོ་གཞོན་པ་ཀྲའོ་ཨན་པང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་ཏང་ཨུའི་ཨུ་ཡོན་ཀྲང་གཞོན་པ་ཀུའོ་ཡུང་ཀང་བཅས་ཀྱིས་སྔ་རྗེས་སུ་ཚོགས་འདུར་ཤིས་ཚིག་ཕུལ།
ཡོང་ཁུངས། མི་དམངས་དྲྭ་བ།