༄༅། །མཚོ་སྔོན་སྒོམ་པ་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་ངོ་སྤྲོད།
རྩོམ་པ་པོ།:སྒོམ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-10
ཀློག་གྲངས།:


སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་པ།
སྤྱི་གཉེར་ཁང་འདི་ནི་སྔོན་གྱི་མཚོ་ལྷོ་ཁུལ་སྒོམ་པ་མཛེས་རྩལ་པར་ལེན་ལས་དོན་ཁང་རྨང་གཞིར་བྱས་ནས་བཙུགས་པ་ཞིག་ཡིན་ལ། བོད་རིགས་གཞོན་ནུ་གཙོ་བྱས་པའི་བྱ་གཞག་གསར་བསྐྲུན་ཚོགས་པ་ཞིག་ཡིན། མིག་སྔར་སྤྱི་གཉེར་ཁང་གི་མི་སྣའི་གྲུབ་ཆ་ནི་གཙོ་འཛིན་དང་དོ་དམ་སྡེ་ཁག ཚོང་ཤག་ཞབས་ཞུ་སྡེ་ཁག ནོར་དོན་སྡེ་ཁག མི་དོན་སྡེ་ཁག་བཅས་རིམ་པ་དྲུག་གིས་གྲུབ་ཡོད། མི་རིགས་ཁག་གི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ལས་བཟོ་བ་མི་རིགས་སོ་སོས་གྲུབ་ཡོད་ལ། བོད་རིགས་ས་ཁུལ་གྱི་ངོས་ཐད་ནས་བརྗོད་ན་ཨ་མདོ་དང་དབུས་གཙང་གི་ལས་བཟོ་བ་འདུས་ཡོད་པས། ཕན་ཚུན་བར་བསམ་བློ་བརྗེ་རེས་དང་སློབ་སྦྱོང་བྱས་པ་བརྒྱུད། སྔར་ལས་ལྷག་ཅིང་ལེགས་པའི་སྒོ་ནས་ས་ཁོངས་མི་འདྲ་བའི་རིག་གནས་ཕུན་སུམ་ཚོགས་པ་དག་ཁོང་དུ་ཆུད་ཐུབ་པར་མ་ཟད། ཕན་ཚུན་གྱི་ཞན་ཆ་གསབ་རེས་དང་ལེགས་ཆ་འདོན་སྤེལ་གྱི་ནུས་པ་ཐོན་གྱིན་ཡོད།

ཇུས་འགོད་བརྩམས་ཆོས།

ཇུས་འགོད་བརྩམས་ཆོས།

ཇུས་འགོད་བརྩམས་ཆོས།
ངེད་སྤྱི་གཉེར་ཁང་གིས་བོད་ཁུལ་གཙོ་བྱས་པའི་ས་གནས་སོ་སོ་ནས་ཇུས་འགོད་རིག་གནས་ལ་སྤྲོ་ཞིང་ཇུས་འགོད་གྱི་བྱ་གཞག་ལ་འཇོན་ནུས་ལྡན་པའི་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ། ཇུས་འགོད་དང་ཞིབ་འཇུག སྒྲིག་བཟོ། ཨར་སྐྲུན། གཉེར་སྐྱོང་བཅས་གཞི་གཅིག་ཏུ་གཏོང་བ་དང་། བསམ་བློའི་བཅུད་དང་སྟབས་བདེའི་གཟུགས་ཀྱི་ཇུས་འགོད་འདུ་ཤེས་གཞིར་བྱས་ཏེ། ངར་སེམས་དང་འཆར་སྣང་ལ་བརྟེན་ནས་ཚོང་རྟགས་ལ་བླ་ན་མེད་པའི་རིན་ཐང་སྤྲད་ཡོད། སྤྱི་གཉེར་ཁང་གི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ནི་རྒྱུ་སྤུས་ལེགས་ཤིང་ངོ་མཚར་བའི་ཇུས་འགོད་ལ་བརྟེན་ནས་ཚོང་ཤག་གི་ལས་སྒོ་ལེགས་གྲུབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེའོ། །

ཇུས་འགོད་བརྩམས་ཆོས།

ཇུས་འགོད་བརྩམས་ཆོས།

ཇུས་འགོད་བརྩམས་ཆོས།

ཇུས་འགོད་བརྩམས་ཆོས།
སྤྱི་གཉེར་ཁང་གི་དམིགས་ཡུལ་ནི། བོད་བཟོའི་ཚོང་རྟགས་ཇུས་འགོད་དང་། ཐོན་རྫས་ཐུམ་སྒྲིལ་ཇུས་འགོད། བར་འཇུག་རི་མོ་ཇུས་བཀོད་བཅས་ཀྱི་ཆེད་ལས་སྒྲིག་གཞིར་རྩེ་གཅིག་ཏུ་དམིགས་པ་དང་། སྤྱི་གཉེར་ཁང་བཙུགས་པ་ནས་བཟུང་ཚོང་ཤག་གི་རེ་བ་སྐོང་བའམ་ཡང་ན་ཚོང་ཤག་གི་ཐོག་མའི་བསམ་འདུན་ལས་བརྒལ་བའི་རེ་བ་སྐོང་རྒྱུ་ནི་སྤྱི་གཉེར་ཁང་གི་མཐའ་མའི་དམིགས་ཚད་དུ་བཟུང་ཡོད། ཐོལ་བརྒལ་དང་གསར་གཏོད། ཁྱད་ཆོས། ཞིབ་ཚགས་བཅས་ཀྱི་ཆེད་ལས་ཇུས་འགོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་པར་མ་ཟད། ང་ཚོས་རང་རྟོགས་ཀྱི་སྒོ་ནས་མི་རིགས་རང་གི་རིག་གནས་འཛམ་གླིང་ལ་ཁྱབ་སྤེལ་བཏང་སྟེ། འཛམ་གླིང་གི་རིག་གནས་དང་རིམ་བཞིན་མཉམ་བགྲོད་ཡོང་བ་བྱ་རྒྱུ་དང་། དེར་མ་ཟད་རིག་གནས་ནི་མི་རིགས་ཀྱི་རིག་གནས་ཡིན་ལ་འཛམ་གླིང་གི་རིག་གནས་ཀྱང་ཡིན་པར་ཡིད་ཆེས་བྱས་ཏེ། འཛམ་གླིང་རིག་གནས་ཀྱི་ཕུན་ཚོགས་རང་བཞིན་དང་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུ་དང་ལེགས་པའི་ཆ་ནང་འདྲེན་བྱ་རྒྱུ་དེའོ། །

ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་མཛོད་ཁང་གི་མཚོན་རྟགས་ཇུས་འགོད།

འབད་འབུངས་ཀྱི་འབྲས་བུ།
སྤྱི་གཉེར་ཁང་གིས་ལོ་གཅིག་གི་རིང་ལ། ཕུལ་བྱུང་གི་ཚོང་རྟགས་བརྒྱ་ལྷག་དང་ཐུམ་སྒྲིལ་ལྔ་བཅུ་ལྷག། ད་དུང་བར་བཅུག་རི་མོ་བཅས་སྤུས་ཚད་ལེགས་ཤིང་ཆེད་ལས་རང་བཞིན་གྱི་འཆར་འགོད་ཞབས་ཞུ་མཁོ་འདོན་བྱས་པ་བརྒྱུད། ཇུས་འགོད་ལས་རིགས་ཀྱི་ཁྱབ་ཁོངས་སུ་སྤུས་རྟགས་ཀྱི་སྣང་བརྙན་ལེགས་པོ་ཞིག་བཏོད་ཏེ། ལྷག་བསམ་རྣམ་དག་གིས་ཚོང་ཤག་མང་པོ་ཞིག་དང་མཛའ་འབྲེལ་བྱ་དང་བྱེད་བཞིན་མཆིས་སོ། །
འབྲེལ་ཡོད་འོས་སྦྱོར།