༄༅། །རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་ཏང་ཞའོ་རིན་གྱི་ཁྲིམས་སྐྱོང་ལམ་བུ།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-18
ཀློག་གྲངས།:
ཁྲིམས་དཔོན་ཞེས་པའི་ཡིག་འབྲི་འདི་གཉིས་གླེང་ཚེ། ཟིན་འགོད་པ་ནས་འདྲི་གཅོད་པ་དང་། དེ་ནས་རིམ་བཞིན་དམངས་དོན་ཁྲིམས་ར་དང་པོའི་མགོ་གཙོ་གཞོན་པ་དང་དམངས་དོན་ཁྲིམས་ར་གཉིས་པའི་མགོ་གཙོ་བཅས་ཀྱི་འགན་འཁུར་མྱོང་བའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་ཏང་ཞའོ་རིན་ལ་མཚོན་ན། ཁྲིམས་ལུགས་ཀྱི་གཡུལ་ས་རུ་མོས་ཐོག་མཐའ་བར་གསུམ་དུ་འདྲི་གཅོད་བྱ་བར་འབད་འཐབ་བྱས་ཏེ། འདྲི་གཅོད་བྱ་བའི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཤིང་། བཅའ་ཁྲིམས་དང་ཁྲིམས་འཛིན་དབྱེ་ཞིབ་ལ་སློབ་སྦྱོང་ཧུར་བརྩོན་བྱས་ནས། གྱོད་སྒྲུབ་ནུས་པ་མཐོ་རུ་གཏོང་བ་དང་། ཆབ་སྲིད་ལས་སྒོའི་ནུས་པ་ཇེ་མཐོར་བཏང་སྟེ། ཁྲིམས་འཛིན་བཅོས་སྒྱུར་དང་འཕེལ་རྒྱས་ལ་མཁོ་བའི་དུས་གསར་བའི་ཚད་ལྡན་གྱི་ཁྲིམས་དཔོན་ཞིག་ལ་འབད་བརྩོན་བྱས།
ཁྲིམས་རའི་གྱང་ངོས་སུ་གཏུག་བཤེར་གྱོད་གཞི་དྲང་བཞག་གིས། མེ་ལོང་ཇི་བཞིན་གསལ་བར་འབྱེད་ཞེས་པའི་བཀའ་དྲིན་ཞུ་བཀལ་ཡོད་པ་ལས་ཤེས་ཐུབ་པ་ཞིག་ནི། གྱོད་གཞི་ཕྱོགས་གཉིས་ཀྱིས་མོའི་གྱོད་སྒྲུབ་བྱ་བར་ཁས་ལེན་མཐོན་པོ་བྱས་པ་མཚོན།
སྤྱི་ལོ2020ལོར། ཏང་ཞའོ་རིན་ལ་གྱོད་བདག་ལའོ་ཆེ་གེ་མོ་དང་གྱོད་ཡ་ན་གོར་མོ་ཉིན་ཆེ་གེ་མོའི་ལས་རིགས་ཚད་ཡོད་ཀུང་ཟིའི་བཟོ་སྐྲུན་ཨར་ལས་གན་རྒྱ་བར་གྱི་འགལ་ཟླའི་གྱོད་དོན་འབྱོར། གྱོད་དོན་འདི་དུས་ཡུན་བོར་ཐག་གཅོད་བྱེད་མ་ཐུབ་པར་ལུས་ཡོད་པ་ལ། འདྲི་གཅོད་གོ་རིམ་ཁྲོད་ཏང་ཞའོ་རིན་གྱིས་ཕྱོགས་གཉིས་ཀྱི་གནས་ཚུལ་ཐད་ནས་ནན་ཏན་སྒོས་རྒྱུས་ལོན་བྱས་ཐོག མོའི་སེམས་སུ་གྱོད་དོན་འདི་འགྲིག་མཐུན་ངང་ཐག་གཅོད་བྱེད་ཐུབ་པའི་ཆོད་སེམས་བཅངས་ནས། མོས་གྱོད་དོན་ཕྱོགས་གཉིས་ཀྱི་དོན་དངོས་སྟེང་དཔེ་བཞག་ཏེ་གནས་ལུགས་བཤད་པ་དང་དོན་དག་རྐྱེན་ངན་པ་གང་ཡིན་རུང་བསམ་བཞིན་དུ་མ་ཡིན་པ་དང་། གལ་ཏེ་རང་སྟེང་དུ་དཔེ་བླངས་ན་ཇི་འདྲ་ཡིན་པ་སོགས་ཀྱི་བྱམས་པ་བརྩེ་བ་ཡི་བློ་ཁོག་ཡོད་དགོས་ཚུལ་སོགས་གླེང་བར། གྱོད་སྒྲུབ་ཕྱོགས་གཉིས་ཀྱི་ཡིད་སེམས་ཚིམ་ནས། མཐར་གྱོད་དོན་བདེ་བླག་བསྒྲུབས་ཐུབ་པ་བྱུང་།
ཏང་ཞའོ་རིན་གྱིས་རང་འགུལ་ངང་གྱོད་སྒྲུབ་ལས་འགན་དང་དུ་བླངས་བའི་ལོ་ངོ་གསུམ་གྱི་རིང་ལ། དམངས་དོན་ཚོང་དོན་གྱི་གྱོད་དོན378དང་སྲིད་འཛིན་གྱོད་དོན་19 ཉེས་དོན་གྱོད་དོན་གཅིག་བཅས་ཞིབ་བཤེར་ཐག་གཅོད་བྱས་ཤིང་། མཉམ་འབྲེལ་གྱོད་དོན་563ཐག་གཅོད་བྱས་པ་དང་།དང་ལེན་བྱས་པའི་གྱོད་དོན་ཡོད་ཚད་ཁྲིམས་བཅད་དུས་ཚོད་ནང་ལྟར་ཐག་གཅོད་བྱས་པས་ནོར་འཛོལ་ཅི་ཡང་བྱུང་མ་མྱོང་ལ། ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ། མོའི་གྱོད་སྒྲུབ་གྲུབ་འབྲས་ནི་སྔོན་གྲལ་དུ་ཚུད་དེ། ཁྲིམས་ཁང་མ་ལག་གིས་བསྟོད་བསྔགས་ཐོབ།
མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིབ་འཇུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཧྥན་ཞུས་ཧྭ་ཡིས་བཤད་རྒྱུར། ཁྲིམས་དཔོན་ཏང་ཞའོ་རིན་ལ་མཚོན་ན་ལོ་ངོ་དུ་མའི་རིང་ལ་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་གདོང་མཆོངས་བྱེད་པ་ཞིག་ཡིན་ལ། གྱོད་དོན་མང་པོ་ཞིག་བསྒྲུབས་ཡོད་པས། ང་ཚོའི་མིག་དཔེ་དང་སློབ་སྦྱོང་བྱེད་ས་རུ་གྱུར་ཡོད་ཟེར།
ལོ་ངོ་བཅོ་བརྒྱད་རིང་ལ། ཏང་ཞའོ་རིན་གྱིས་རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་ཡིས་ཁྲིམས་ལུགས་ཀྱི་རྒྱ་མ་ཡོ་གཟུར་མེད་པར་དྲང་བདེན་བསྐྱངས་ཤིང་། རང་ཉིད་ཀྱི་ཡོད་ཚད་ལས་རྐང་ལ་ཕུལ་ཏེ། ཉིན་མཚན་དུས་དྲུག་གི་དུས་ཚོད་ཁྲིམས་ལུགས་ཡིག་ཆ་དང་ཁྲིམས་ལུགས་སློབ་སྦྱོང་སྟེང་ཕུལ། སྔ་གཞུག་ཏུ་མོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་དང་རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་མི་སྒེར། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན། ཁུལ་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་སྔོན་ཐོན་མི་སྒེར་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།
མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དམངས་དོན་ཁྲིམས་ར་གཉིས་པའི་ཁྲིམས་དཔོན་ཏང་ཞའོ་རིན་གྱིས་བཤད་རྒྱུར། ཁྲིམས་དཔོན་ནི་དཀའ་སྤྱད་སྡུག་རུས་ཀྱི་ལས་རིགས་ཤིག་ཡིན་མོད། འོན་ཀྱང་རང་ཉིད་ལས་རིགས་འདི་ལ་དགའ་བས། རྗེས་མ་ཡིན་ན་ངས་ཁྲིམས་ལུགས་ཀྱི་དད་མོས་དང་ལས་དོན་ལ་བློ་དཀར་བཅངས་ནས། ལག་ཐོག་གི་འདྲི་གཅོད་དབང་ཆ་ལེགས་པོར་སྤྱད་དེ། ཧུར་ཐག་སྒོས་མང་ཚོགས་ལ་ཁྲིམས་ལུགས་ཀྱི་གྱོད་དོན་རེ་རེ་ནས་འདྲ་མཉམ་དང་དྲང་བཞག་གི་ཚོར་བ་མྱོང་དུ་འཇོག་རྒྱུ་ཡིན་ཟེར།

རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་ཏང་ཞའོ་རིན།
སྔ་དྲོའི་ཆུ་ཚོད་བཅུ་པར། ཏང་ཞའོ་རིན་གྱིས་ཁྲིམས་ལྭ་གྱོན་ཏེ་ཁེར་ཐོག་གི་ཁྲིམས་ར་རུ་སོང་ནས། ཁྲིམས་སའི་འདྲི་གཅོད་ཡིག་ཁུག་གི་ཁ་ཕྱེ། ཁྲིམས་རའི་འདྲི་གཅོད་གྲ་སྒྲིག་བྱ་བ་ལེགས་པོ་ཞིག་བྱས་ཡོད་ནའང་། ཁྲིམས་ར་མགོ་མ་བརྩམ་ཡར་སྔོན་ལ་མོས་ཡང་བསྐྱར་འདྲི་གཅོད་ཡིག་ཁུག་ལ་ཞིབ་ལྟ་ཞིག་བྱེད་པ་ནི་གོམས་ལོབས་སུ་གྱུར་བའི་མོས་ལས་བཀུར་གྱི་རྣམ་པ་ཞིག་ཡིན་ལ། འདི་ནི་མོས་ལོ་ངོ་དུ་མའི་རིང་ལ་རྒྱུན་བསྐྱངས་ཡོང་བའི་བྱ་བ་བྱེད་སྟངས་ཤིག་ཀྱང་ཡིན། འདི་ནི་ཁྲིམས་ར་བདེ་བླག་ངང་འཚོགས་ཆེད་ཡིན་ལ། འདྲི་གཅོད་ལེགས་པོ་དང་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་ཆེད་ནི་དེ་བས་ཀྱང་ཡིན། ཁྲིམས་རའི་གྱང་ངོས་སུ་གཏུག་བཤེར་གྱོད་གཞི་དྲང་བཞག་གིས། མེ་ལོང་ཇི་བཞིན་གསལ་བར་འབྱེད་ཞེས་པའི་བཀའ་དྲིན་ཞུ་བཀལ་ཡོད་པ་ལས་ཤེས་ཐུབ་པ་ཞིག་ནི། གྱོད་གཞི་ཕྱོགས་གཉིས་ཀྱིས་མོའི་གྱོད་སྒྲུབ་བྱ་བར་ཁས་ལེན་མཐོན་པོ་བྱས་པ་མཚོན།

ཏང་ཞའོ་རིན་གྱིས་རང་འགུལ་ངང་གྱོད་སྒྲུབ་ལས་འགན་དང་དུ་བླངས་བའི་ལོ་ངོ་གསུམ་གྱི་རིང་ལ། དམངས་དོན་ཚོང་དོན་གྱི་གྱོད་དོན378དང་སྲིད་འཛིན་གྱོད་དོན་19 ཉེས་དོན་གྱོད་དོན་གཅིག་བཅས་ཞིབ་བཤེར་ཐག་གཅོད་བྱས་ཤིང་། མཉམ་འབྲེལ་གྱོད་དོན་563ཐག་གཅོད་བྱས་པ་དང་།དང་ལེན་བྱས་པའི་གྱོད་དོན་ཡོད་ཚད་ཁྲིམས་བཅད་དུས་ཚོད་ནང་ལྟར་ཐག་གཅོད་བྱས་པས་ནོར་འཛོལ་ཅི་ཡང་བྱུང་མ་མྱོང་ལ། ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ། མོའི་གྱོད་སྒྲུབ་གྲུབ་འབྲས་ནི་སྔོན་གྲལ་དུ་ཚུད་དེ། ཁྲིམས་ཁང་མ་ལག་གིས་བསྟོད་བསྔགས་ཐོབ།
མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིབ་འཇུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཧྥན་ཞུས་ཧྭ་ཡིས་བཤད་རྒྱུར། ཁྲིམས་དཔོན་ཏང་ཞའོ་རིན་ལ་མཚོན་ན་ལོ་ངོ་དུ་མའི་རིང་ལ་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་གདོང་མཆོངས་བྱེད་པ་ཞིག་ཡིན་ལ། གྱོད་དོན་མང་པོ་ཞིག་བསྒྲུབས་ཡོད་པས། ང་ཚོའི་མིག་དཔེ་དང་སློབ་སྦྱོང་བྱེད་ས་རུ་གྱུར་ཡོད་ཟེར།
ལོ་ངོ་བཅོ་བརྒྱད་རིང་ལ། ཏང་ཞའོ་རིན་གྱིས་རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་ཡིས་ཁྲིམས་ལུགས་ཀྱི་རྒྱ་མ་ཡོ་གཟུར་མེད་པར་དྲང་བདེན་བསྐྱངས་ཤིང་། རང་ཉིད་ཀྱི་ཡོད་ཚད་ལས་རྐང་ལ་ཕུལ་ཏེ། ཉིན་མཚན་དུས་དྲུག་གི་དུས་ཚོད་ཁྲིམས་ལུགས་ཡིག་ཆ་དང་ཁྲིམས་ལུགས་སློབ་སྦྱོང་སྟེང་ཕུལ། སྔ་གཞུག་ཏུ་མོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་དང་རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་མི་སྒེར། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན། ཁུལ་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་སྔོན་ཐོན་མི་སྒེར་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།
མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དམངས་དོན་ཁྲིམས་ར་གཉིས་པའི་ཁྲིམས་དཔོན་ཏང་ཞའོ་རིན་གྱིས་བཤད་རྒྱུར། ཁྲིམས་དཔོན་ནི་དཀའ་སྤྱད་སྡུག་རུས་ཀྱི་ལས་རིགས་ཤིག་ཡིན་མོད། འོན་ཀྱང་རང་ཉིད་ལས་རིགས་འདི་ལ་དགའ་བས། རྗེས་མ་ཡིན་ན་ངས་ཁྲིམས་ལུགས་ཀྱི་དད་མོས་དང་ལས་དོན་ལ་བློ་དཀར་བཅངས་ནས། ལག་ཐོག་གི་འདྲི་གཅོད་དབང་ཆ་ལེགས་པོར་སྤྱད་དེ། ཧུར་ཐག་སྒོས་མང་ཚོགས་ལ་ཁྲིམས་ལུགས་ཀྱི་གྱོད་དོན་རེ་རེ་ནས་འདྲ་མཉམ་དང་དྲང་བཞག་གི་ཚོར་བ་མྱོང་དུ་འཇོག་རྒྱུ་ཡིན་ཟེར།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།