རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་ལས་འགོ་དངོས་སུ་བརྩམས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཉི་ཟེར་སྲིད་དོན།
དུས་ཚོད།:2021-12-27
ཀློག་གྲངས།:

སྤྱི་ཟླ12པའི་ཚེས26ཉིན་གྱི་སྔ་དྲོར་རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་ཆུ་ལམ་གཙོ་བོའི་བཞུར་རྒྱུན་ཡོངས་སུ་བཅད་པ་དེས་ལས་གཞི་ཨར་ལས་ཀྱི་བརྒྱུད་རིམ་གཙོ་བོར་སླེབས་པ་མཚོན།
རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དང་མང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པ་དང་། རྨ་ཆུའི་ཆུ་རྒྱུན་ཚལ་རྔ་འགག་ཆུ་གློག་ས་ཚིགས་སྟོད་རྒྱུད་ཀྱི“ཚི་ཧ་དང་འབའ་མདོ། གཡང་འཁྱིལ”བཅས་འཆར་འགོད་སྐས་རིམ་གློག་ཚིགས་གསུམ་གྱི་ཆེས་ཞོལ་མ་ཡིན་ཞིང་ལས་གཞིའི་འགན་འཁྲི་གཙོ་བོ་ནི་གློག་འདོན་རྒྱུ་དེ་ཡིན། གློག་འདོན་ས་ཚིགས་ཀྱི་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ནི་ཆན་ཝ་ཁྲི120ཡིན་ལ། ཆུ་མཛོད་ཀྱི་ཤོང་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར16.39ཡིན། ལོ་མང་བོར་ལོ་རེའི་ཆ་སྙོམས་ཀྱིས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར47.32ཡིན།

གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་ལས་གཞིའི་ཁྲོད་ཕྲ་རྒྱན་ཨར་འདམ་སྡེབ་སྒྲིག་ཆུ་རགས་ཀྱི་གྲུབ་ཚུལ་ཐོག་མར་གསར་གཏོད་དང་བེད་སྤྱོད་བྱས་ཤིང་། “འོད་ཤུགས+ནུས་གསོག”ནི་ལས་གཞིའི་གློག་ཁུངས་ཀྱིས་རྒྱུན་གཏན་གློག་ཁུངས་དང་། གློག་གསོག་བྱང་བུས་སྣུམ་འགུལ་སྐྱེལ་འདྲེན་རླངས་འཁོར་གྱི་ཚབ་བྱས་ལ། རགས་ཆེན་གྱིས་ཁ་ལོ་བ་མེད་པའི་རང་འགུལ་ཚོང་ཁང་དང་བཙིར་གནོན་ལག་རྩལ་སྤྱད་པ་སོགས་ཁྱད་ཆོས་དྲུག་ལྡན།
རྒྱུས་ལོན་བྱུང་བ་ལྟར་ན། གློག་ཚིགས་དེ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི146.7གྲོན་ཆུང་བྱེད་ཐུབ་ཅིང་། དབྱང་གཉིས་ཐཱན་རྫས་འབུད་ཚད་ཏུན་ཁྲི441.2དང་དབྱང་གཅིག་ཐཱན་རྫས་འབུད་ཚད་ཏུན385.8དང་། དབྱང་གཉིས་ཏན་རྫས་འབུད་གཏོང་བྱེད་ཚད་ཏུན16956.2ཇེ་ཉུང་དུ་གཏོང་ཐུབ་ལ། དུད་ཐལ་སོགས་གནོད་པ་ཡོད་པའི་དངོས་པོ་འབུད་ཚད་ཏུན19845.8ཇེ་ཉུང་དུ་གཏོང་ཐུབ་པས་བཙོག་འབུད་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ངེས།ལས་གཞིའི་འཆར་གཞི་ལྟར་ན2024ལོའི་ཟླ7པར་འཕྲུལ་ཚན་ཐོག་མའི་འཁོར་བསྐྱོད་བྱེད་འགོ་ཚུགས་པ་མངོན་འགྱུར་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།