མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་མ་ལག་གསར་པ་གཞི་རྩའི་ཐོག་གྲུབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-02-08
ཀློག་གྲངས།:
རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་བའི་ལམ་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། རང་རེའི་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་དོན་འཁྱོལ་དང་། རི་ཆུ་ནགས་ཞིང་མཚེའུ་བྱེ་ཐང་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་རྒྱུད་ཁོངས་ཡོངས་ཀྱི་བཅོས་སྐྱོང་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏང་ཆེད། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་པ་བཏོད་པར་ནུས་ཤུགས་བཏོན་པ་དང་། རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གང་མགྱོགས་ཅི་མགྱོགས་ཀྱིས་བཙུགས་པས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་འཛུགས་སྐྱོང་ཕྱོགས་ནས་མཚོ་སྔོན་རྒྱལ་ཡོངས་ཀྱི་སྔུན་ལ་བུད།

ལས་ཀ་འདི་དག་བསྒྲུབས་པའི་གོ་རིམ་ནང་། རང་ཞིང་གིས་ལམ་ལུགས་ཀྱི་ཚད་གཞི་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱལ་ཡོངས་ཀྱི་སྔུན་ལ«མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་གི་སྤྱིའི་འཆར་འགོད»དང«མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཕེལ་རྒྱས་འཆར་འགོད།»བསྒྲིགས་ཚར་བ་དང་། རང་བྱུང་སྲུང་སྐྱོབ་བྱ་ཡུལ་དོ་དམ་ལམ་ལུགས་བཟོ་བའི་ཇུས་གཞི་ལ་སོགས་ལམ་ལུགས་དང་བྱེད་ཐབས18དང་རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཛུགས་སྐྲུན་ཚད་ལྡན་ལ་སོགས་པའི་ལག་རྩལ་གྱི་ཚད་གཞི་ཁག4བཅས་བཏོན་ནས་གཅིག་གྱུར་ཚད་ལྡན་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་ལམ་ལུགས་ལ་ཚད་གཞི་དང་ལྡན་པའི་མ་ལག་གྲུབ། རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་ཁྲིམས་འཛུགས་ལ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། «མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་སྲོལ་ཡིག(འཆར་ཟིན)»འཆར་ཟིན་བཀོད་ནས་རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཛུགས་སྐྲུན་ལ་ལམ་ལུགས་ཀྱིས་འདེགས་སྐྱོར་བྱས། མཉམ་བསྐྲུན་མཉམ་སྐྱོང་མཉམ་སྤྱོད་གསུམ་མཐུན་སྦྱོར་ངང་གོང་དུ་སྤེལ། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་། ནགས་ཚལ། འདམ་རའི་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་རྐང་ཁྲི14.51བཀོད་སྒྲིག་བརྒྱབ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”ཡོད་པ་མངོན་འགྱུར་བྱས་པ་དང་། འབྲོག་པ་ཁྲི1.72ཡིས་ལོའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི2.16རག་ཐུབ་ཀྱི་ཡོད། རང་བྱུང་སྲུང་སྐྱོབ་བྱ་ཡུལ་རང་བྱུང་སློབ་གསོ་སྤུས་བཟང་འཁྲིད་སྟོན་བསམ་འཆར་དང་བྱ་བའི་རྩ་གནད་བཏོན་ནས་ཁྱབ་སྒྲོག་བྱས་ཤིང་། སྐྱེ་ཁམས་སློབ་གྲྭ13བཙུགས་ནས་ཁྱད་ཆོས་མངོན་གསལ་དོད་པོའི་རང་བྱུང་སློབ་གསོའི་སློབ་ཚན་དགུ་དང་རང་བྱུང་སློབ་གསོའི་བསླབ་དེབ5བསྒྲིགས་པ་མ་ཟད། རང་བྱུང་སློབ་གསོའི་ཚན་རིག་ཁྱབ་གདལ་ལག་ལེན་བྱེད་སྒོ་སྤེལ། རྒྱལ་ནང་གི་ཚན་ཞིབ་དཔུང་སྡེར་མངག་བཅོལ་བྱས་ཏེ་ཚན་རིག་རྟོག་ཞིབ་ཀྱི་རྣམ་གྲངས27བསྒྲུབས། ཞིབ་འཇུག་བྱ་གཞི་ཆེན་པོ18ལ་ཞིབ་འཇུག་བྱས། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གནས་གཏན་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས4། རྒྱལ་ཁབ་རིམ་པའི་ཡུན་རིང་ཚན་ཞིབ་རྟེན་གཞི2། རྒྱལ་ཁབ་གསར་གཏོད་མནའ་འབྲེལ2བཅས་བཙུགས་ནས་རང་བྱུང་སྲུང་སྐྱོབ་བྱ་ཡུལ་ལ་ཚན་རིག་ལག་རྩལ་གྱི་རམ་འདེགས་དང་ལག་རྩལ་གྱི་ཞབས་ཞུ་འདོན་སྤྲོད་བྱས།

ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ཕན་འབྲས་མངོན་གསལ་ཡིན། ད་སྔའི་བར་དུ། ནགས་ཚལ་གྱི་ཁེབས་རྒྱ7.5%ཟིན་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི4993བསྐྱེད། རྩྭ་ཐང་གི་ཕྱོགས་བསྡུས་རྩི་ཤིང་གི་ཁེབས་རྒྱ57.8%ཟིན། འདམ་ར་སྲུང་སྐྱོབ་བྱས་ཚད64.3%ལ་བསླེབས། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་ས་ཁོངས་ཕྱིར་འབབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར900བརྒལ་བ་དང་། སྐྱེ་ཁམས་མ་ལག་གི་རྒྱུ་སྤུས་དང་གཏན་འཇགས་རང་བཞིན་ཇེ་ལེགས་སུ་ཕྱིན། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་སྲ་ཞིང་བརྟན་ལ་དར་ཞིང་རྒྱས་ཡོད།
འབྲེལ་ཡོད་འོས་སྦྱོར།