logo

གྲོགས་ཚོམས་ནང་དུ་དངོས་པོ་འདི་དག་བསྐུར་མི་རུང་།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-02-09 ཀློག་གྲངས།:
        ལོ་གསར་བ་སླེབས་པ་ན། གྲོགས་པོ་མང་ཆེ་བས་གྲོགས་ཚོམས་ནང་དུ་བརྙན་རིས་བསྐུར་རྒྱུར་དགའ། འོན་ཀྱང་ཁྱོད་ཀྱིས་ཤེས་སམ། བལྟས་ཚོད་ཀྱིས་སྙིང་བོ་དབེན་པའི་བྱེད་སྤྱོད་དེ་དག་ལས། ཁྱེད་ཀྱི་མི་སྒེར་གྱི་གསང་དོན་འཁྱམ་པར་བྱེད་སྲིད་པ་དང་། གལ་ཏེ་བསམ་སྦྱོར་ངན་པའི་མིས་མཐོང་སྟེ་བེད་སྤྱད་ཚེ། ཁྱེད་ཀྱི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་བཟོ་བ་མ་ཟད། ཐ་ན་རང་ཉིད་དང་ཁྱིམ་མིའི་མི་ལུས་ཀྱི་བདེ་འཇགས་ལའང་གནོད་འཚེ་བཟོ་སྲིད།
        འོ་ན་ཁ་པར་རྩེད་པའམ་ཡང་ན་འདྲ་པར་བསྐུར་དུས་གང་དག་ལ་འཛེམ་དགོས་ཤེ་ན།

* མེ་འཁོར་སྤ་སེའམ་གནམ་གྲུའི་སྤ་སེ། གནམ་གྲུར་སྡོད་པའི་སྤ་སེ་སོགས་མི་བསྐུར་བ།
        མི་མང་པོ་གཞུང་དོན་དུ་བསྐྱོད་པ་དང་ཡུལ་སྐོར་དུ་སྐྱོད་སྐབས་མེ་འཁོར་གྱི་སྤ་སེའམ་གནམ་གྲུར་སྡོད་པའི་སྤ་སེ་སོགས་གྲོགས་ཚོམས་སུ་བསྐུར་རྒྱུར་དགའ། རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེ་བའི་མི་ཁ་ཤས་ཀྱིས་རུས་མིང་བསྒྱུར་སྲིད་མོད། འོན་ཀྱང་སྤ་སེའི་ངོས་ཀྱི་ནང་དོན་ལ་སྣང་འཇོག་བྱས་མེད། ལྷག་པར་དུ་དྲན་སྐུལ་བྱེད་དགོས་པ་ཞིག་ལ་གནམ་གྲུའི་སྤ་སེ་དང་མེ་འཁོར་སྤ་སེའི་ཨང་རྟགས་སམ་ཡང་ན་རྩ་གཉིས་ཨང་རྟགས་ནང་འགྲུལ་པ་མི་སྒེར་གྱི་ཆ་འཕྲིན་ཚུད་པ་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ཚུད་ཡོད་པས་མི་གཞན་གྱིས་ཚན་རྩལ་མཐོ་བའི་ཐོག་ནས་མི་སྒེར་གྱི་ཆ་འཕྲིན་རྐུ་བཟོ་བྱེད་སྲིད།
        དེར་བརྟེན། བདེ་འཇགས་ཀྱི་ཆེད་དུ། གནམ་གྲུར་སྡོད་པའི་སྤ་སེ་མི་བསྐུར་བ་དང་གང་འདོད་ཀྱིས་བོར་མི་ཆོག ཆེས་འོས་འཚམ་གྱི་ཐག་གཅོད་བྱེད་ཐབས་ནི་གཤགས་རྒྱུ་དེ་རེད།
* ལམ་ཡིག་དང་རང་ཁྱིམ་གྱི་ལྡེ་མིག འཁོར་རྟགས་སོགས་མི་བསྐུར་བ།
        ཆ་འཕྲིན་འདི་དག་འདུ་བའི་འདྲ་པར་ལས་ཁྱོད་ཀྱི་དུས་གཏན་ནང་གི་དམིགས་བསལ་གྱི་ས་གནས་ཤེས་ཐུབ་ལ། ཁྱོད་ཀྱི་འཚོ་བའི་ཁྱབ་ཁོངས་ཀྱང་རྟོགས་ཐུབ།
* ས་གནས་མི་བསྐུར་བ།
        ལོ་སར་སྐབས་མི་མང་ཆེ་བ་ཕ་ཡུལ་ལ་ལོག་འགྲོ།
        གལ་ཏེ་གྲོགས་ཚོམས་ནང་དུ་གནས་ཡུལ་གྱི་ཆ་འཕྲིན་ཡོད་པའི་པར་རིས་བཀྲམ་ན། མི་སྒེར་གྱི་ཆ་འཕྲིན་ངོ་མ་དེ་དམར་རྗེན་དུ་མངོན་དེ། མི་ངན་གྱིས་ཉེས་པ་བཟོ་ཐུབ་ཚད་ཀྱང་མཐོ་རུ་འགྲོ་སྲིད།
* བྱིས་པའི་འདྲ་པར་དང་རུས་མིང་མི་བསྐུར་བ།
        དོན་དངོས་འཚོ་བའི་ཁྲོད། མགོ་སྐོར་གཏོང་མཁན་མང་པོ་ཞིག་དང་གནོད་འཚེ་ཕོག་མཁན་དབར་ངོ་གཏན་ནས་མི་ཤེས་པས། ཕྲུ་གུ་དང་ཨ་མའི་མིང་ཇི་ལྟར་འབོད་དགོས་སམ། ད་རུང་མི་གཉིས་ཀྱི་འདྲ་པར་བལྟ་ཐུབ་བམ། དེའི་རྒྱུ་མཚན་ནི་སྐད་འཕྲིན་ཁྲོད་ཀྱི“ཉེ་འགྲམ་གྱི་མི”ཞེས་པའི་སྒྲིག་བཀོད་འདི་ལས་བྱུང་བ་རེད།
        ཕྲུ་གུའི་པར་བསྐུར་བར་དགའ་བའི་ཕ་མ་ཚོས་མཉམ་སྤྱོད་ཀྱི་ཁྱབ་ཁོངས་ལ་ཚོད་འཛིན་བྱས་ཏེ། ཚོགས་ཆུང་ཁག་བགོས་ཀྱི་རྣམ་པའི་ཐོག་ནས་གཉེན་ཉེར་བལྟ་རུ་བཅུག་ན་བཟང་།
* ཁྱིམ་གྱི་རྒན་རྒོན་གྱི་པར་མི་བསྐུར་བ།
        ཁྱིམ་གྱི་རྒན་རྒོན་གྱི་འདྲ་པར་བསྐུར་ཚེ་མི་ངན་གྱིས་ཁོང་ཚོའི་ངོ་སླ་མོའི་སྒོ་ནས་ཤེས་སྲིད། གལ་ཏེ་མི་ཞིག་གིས་གློ་བུར་དུ་རང་གི་ཚ་བོའི་མིང་བཤད་པ་དང་། དེར་མཐུད་རྫུན་གཏམ་གཅིག་བཤད་ཚེ། ལས་སླ་མོའི་སྒོ་ནས་རྒན་རྒོན་ཚོའི་མི་ཚེ་ཕྱེད་ཀ་ཙམ་གྱི་གསོག་དངུལ་འདོན་དུ་འཇུག་ཐུབ།

ཉིན་རྒྱུན་གྱི་བྱེད་སྤྱོད་གོམས་གཤིས་ལ་དོགས་ཟོན་བྱེད་དགོས།
* དུས་རྒྱུན་ཕྱི་ལ་འགྲོ་མཁན་ཚོས། 
        གང་ཐུབ་ཀྱིས་ཉིན་རེའི་ལས་རིམ་དང་འགྲོ་སྡོད་སོགས་ཀྱི་ཆ་འཕྲིན་ཕྱིར་མི་གྱར་བར་བྱས་ཏེ། མི་མེད་དུས་ཁྱིམ་དུ་རྐུན་མ་ཤོར་བའི་གནས་ཚུལ་སྔོན་འགོག་བྱེད་དགོས།    
* དུས་ཆེན་དང་གུང་གསེང་སྐབས་ཡུལ་སྐོར་བྱེད་མཁན་ཚོས།
        དཔེར་ན། མི་ཚོགས་འཚང་ཁ་ཆེ་ཞིང་བགྲོད་ལམ་འགག་པ་དང་། འགྲིམ་འགྲུལ་དོན་རྐྱེན་བྱུང་བ་སོགས་ཀྱི་གནད་དོན་ལ་འཕྲད་ཚེ། གནས་ཚུལ་ངོ་མ་མ་ཤེས་པའི་སྔོན་དུ་རྨོངས་ཚོད་ཀྱིས་ཁྱབ་སྤེལ་དང་བརྒྱུད་སྐུར་བྱེད་མི་རུང་།
* བུད་མེད་ཚོས།
        རྒྱན་ཆ་རྩ་ཆེན་དང་། ཚོང་རྟགས་གྲགས་ཅན་གྱི་དངོས་པོ་མ་བསྐུར་ན་བཟང་།
* བརྩེ་དུང་གི་གནད་དོན་ལ་ཕྲད་སྐབས།
        བརྩེ་དུང་སྐོར་གྱི་འཁང་ར་སོགས་ཀྱི་ཆ་འཕྲིན་ཉུང་དུ་སྤེལ་དགོས་ཏེ། བསམ་སྦྱོར་ངན་པའི་མིས་དོ་སྣང་བྱེད་སྲིད་ལ། མི་དང་མིའི་བར་གྱི་འབྲེལ་བར་ཡང་གནོད་སྲིད།

ཁ་པར་བེད་སྤྱོད་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་དགོས། 
* “ཉེ་འགྲམ་གྱི་མི”ཡི་སྒྲིག་བཀོད་ཀྱི་སྒོ་རྒྱབ་ན་བཟང་།
        སྐད་འཕྲིན་ནང་དུ“ཉེ་འགྲམ་གྱི་མི”ཡི་བྱེད་ནུས་ཡོད་པ་དང་། དེས་ཁྱོད་ཀྱི་གནས་ས་གཏན་འཁེལ་བྱ་ཐུབ། “སྒྲིག་བཀོད། ཐུན་མོང་མཉམ་སྤྱོད། གསར་རྙེད་དོ་དམ། ཉེ་འགྲམ་གྱི་མི”ཞེས་གོ་རིམ་ལྟར་མནན་ནས“གསར་རྙེད་ཤོག་ངོས་ཀྱི་སྒོ་རྒྱག་པའི་འཇུག་སྒོ”འདེམས་དགོས།
* “འཚོལ་བཤེར་བྱེད་ཆོག”པའི་སྒྲིག་བཀོད་ཀྱི་སྒོ་རྒྱག་པ།
        སྐད་འཕྲིན་གྱི“གསང་དོན”ནང“QQཨང་གྲངས་བརྒྱུད་ང་འཚོལ་བ”དང“ལག་ཐོགས་ཁ་པར་གྱི་ཨང་གྲངས་བརྒྱུད་ང་འཚོལ་ཐུབ་པ”བྱས་ཡོད།
* “ལྟ་ཆོག་པའི”སྒྲིག་བཀོད་ཀྱི་སྒོ་རྒྱག་རོགས།
        
སྐད་འཕྲིན་གྱི“གསང་དོན”འདེམ་བྱང་དུ“ངོ་མི་ཤེས་པའི་མིས་གྲོགས་ཚོམས་བཅུ་ལ་ལྟ་ཐུབ་པ”སྒོ་རྒྱག་པ།
* ཁ་པར་བོར་སོང་ན་བྲེལ་འཚུབ་མ་ལངས།
        གཉེར་སྐྱོང་བྱེད་མཁན་ལ་གློག་འཕྲིན་བཏང་ནསཀྲུང་གོ་གློག་འཕྲིན10000དང་ཀྲུང་གོ་སྤོ་སྒུལ10086ཀྲུང་གོ་སྦྲེལ་འཕྲིན10010)བཅས་ལ་གློག་འཕྲིན་བཏང་ནས་ཁ་པར་ཨང་རྟགས་ལ་བོར་ཐོ་འགོད་པ། དངུལ་ཁང་ལ་གློག་འཕྲིན་བཏང་ནས་ཁ་པར་གྱི་དྲ་དངུལ་བཀག་འཇོག་བྱེད་པ། ཀྲི་ཧྥུའུ་པའོ95188མེད་པ་བཟོས་པ། སྐད་འཕྲིན ཕྱིར་འཐེན་བྱེད་པ།

        ང་ཚོའི་འཚོ་བ་ནི་དྲ་བ་དང་བྲལ་ཐབས་མེད། དྲ་རྒྱ་ཡིས་ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་བཟོ་བཞིན་པ་དང་མཉམ་དུ། མི་སྒེར་གྱི་གསང་བ་གྱར་བ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་བཞིན་ཡོད།
        ང་ཚོས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མི་སྒེར་གྱི་གསང་དོན་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཉེས་ཅན་ལ་གོ་སྐབས་གང་ཡང་མི་སྤྲོད་པ་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།