logo

ཁྱིམ་ཐོའི་འགྲོ་ལུགས་དྲ་ཐོག་ནས་བསྒྲུབ་ཆོག་པའི་སྐོར་གྱི་གཏམ་བཟང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-03-01 ཀློག་གྲངས།:
        ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དམངས་ལ་སྔར་ལས་སྟབས་བདེ་བསྐྲུན་ཆེད། དྲ་ལམ་ཞབས་ཞུའི་ཁ་ཕྱོགས་སུ་བསྒྱུར་སྟེ། སྐད་འཕྲིན་གྱི་མ་ལག་ཆུང་ངུའི་སྟེང་གི“ཆིང་སུང་གཞུང་དོན་ཁང”ཞེས་པར་ཁྱིམ་ཐོ་ཐོ་འགོད་བྱེད་པའི་ཞབས་ཞུ་རིགས༡༤སྤེལ་ཡོད་པས། ཁྱེད་ཀྱིས་དྲ་ཐོག་ནས་ཁྱིམ་ཐོ་ཐོ་འགོད་ཉེན་རྟོག་པ་དང“བཀག་མེད་ལམ་བུ”ཞེས་པ་རུ་ཁྱིམ་ཐོ་སོགས་སྒྲུབ་པའི་བརྒྱུད་རིམ་དང་དེར་ཚང་དགོས་པའི་རྒྱུ་ཆ་སོགས་རྒྱུས་ལོན་གསལ་བོ་བྱས་ནས་ཁྱིམ་ཐོའི་འགྲོ་ལུགས་བསྒྲུབ་ཆོག

རེ་ཞུ་བྱས་ཆོག་པའི་ལས་སྒོ།
1.དམག་མི་ཐོ་ཁོངས་ནས་སུབ་པ།
2.ཚེ་འདས་ཐོ་ཁོངས་ནས་སུབ་པ།
3.ཕ་མར་བརྟེན་ནས་བུ་ཕྲུག་ཐོ་འགོད་བྱེད་པ།
4.ཁྱོ་ཤུག་ལ་བརྟེན་ནས་ཁྱིམ་ཐོ་ཐོ་འགོད་བྱེད་པ།
5.ཕ་མས་ནར་སོན་པའི་བུ་ཕྲུག་ལ་བརྟེན་ནས་ཁྱིམ་ཐོ་ཐོ་འགོད་བྱེད་པ།
6.ཕྱི་རྒྱལ་དུ་སྐྱེས་པར་ཐོ་འགོད་བྱེད་པ།
7.གཉོར་སྐྱོང་འཚམ་པོ་མེད་པར་གཉོར་མཁན་ལ་ཁྱིམ་ཐོ་ཐོ་འགོད་དུ་མི་འཇུག་པ།
8. ལོ༧སོན་པའི་བྱིས་པའི་སྐྱེས་དུས་ཐོ་འགོད་བྱེད་པ།
9.རྒྱལ(མངའ་ཁོངས)ནང་སྐྱེས་པར་ཐོ་འགོད།
10.རུས་མིང་བསྒྱུར་བ།
11.ཕོ་མོའི་བརྟེན་འགྱུར་ལྡོག་གཏོང་བ།
12.མི་རིགས་སྒྱུར་བ།
13.ཡོན་ཚད་བསྒྱུར་བཅོས་བྱེད་པ།
14.གཉེན་སྒྲིག་གི་གནས་ཚུལ་བསྒྱུར་བ།

ལག་བསྟར་དུས་ཚོད་དང་ཁྱབ་ཁོངས།
        ༢༠༢༢ལོའི་ཟླ༣པའི་ཚེས༡ཉིན་ནས་བཟུང་། རང་ཞིང་གི་ཞིང་ཆེན་ནང་ཁུལ་དུ་སྤྱི་བདེའི་ཁྱིམ་ཐོའི་སྒེའུ་ཁུང་ཚང་མས་སྐད་འཕྲིན་གྱི་མ་ལག་ཆུང་ངུའི་སྟེང་གི“ཆིང་སུང་གཞུང་དོན་ཁང”ཞེས་པ་རུ་ཁྱིམ་ཐོ་སྒྲུབ་པའི་སྔོན་འགྲོའི་སྐོར་དྲ་ཐོག་ནས་སྒྲུབ་རྒྱུ་ཡིན་པ་རེད།

ཁྱིམ་ཐོ་སོགས་སྒྲུབ་པའི་བརྒྱུད་རིམ་དང་དུས་ཚོད་ཀྱི་ཚད་བཀག།
        “ཆིང་སུང་གཞུང་དོན་ཁང”གི་སྐད་འཕྲིན་མ་ལག་ནང་དུ་ཁྱིམ་ཐོ་སྒྲུབ་པའི་སྔོན་འགྲོའི་སྐོར་རེ་ཞུ་ཕུལ་རྗེས། ཉིན༧ནང་ས་གནས་དེ་གའི་ཁྱིམ་ཐོའི་མི་དམངས་ཉེན་རྟོག་པས་དྲ་ཐོག་བརྒྱུད་བསྒྲུབ་ཆོག་མིན་གྱི་མཇུག་འབྲས་སྐད་འཕྲིན་ནང་བསྐུར་རྒྱུ་རེད། གལ་ཏེ་དྲ་ཐོག་ཞིབ་བཤེར་བྱས་པ་བརྒྱུད་འབྲེལ་ཡོད་ཡིག་ཆ་ཚང་མ་འཐུས་ཚང་ཡིན་ན་རང་གི་ཁྱིམ་ཐོ་ཡོད་སའི་མངགས་གཏོང་ཁང་དུ་སོང་ནས་ཐེངས་གཅིག་གིས་བསྒྲུབ་ཆོག། གལ་ཏེ་དྲ་ཐོག་ནས་ཆོག་མཆན་མ་ཐོབ་ཚེ། ཆོག་མཆན་མ་ཐོབ་པའི་རྒྱུ་མཚན་ལ་གཞིགས་ནས་རྒྱུ་ཆ་འཐུས་ཚང་དུ་བཏང་ནས་ཡང་བསྐྱར་རེ་ཞུ་བྱས་ཏེ། དྲ་ཐོག་ནས་ཞིབ་བཤེར་བྱས་པ་བརྒྱུད་ཆོག་མཆན་ཐོབ་རྗེས་སྔར་བཞིན་ཐེངས་གཅིག་གིས་སྒྲུབ་ཆོག
འབྲེལ་ཡོད་འོས་སྦྱོར།