ནང་དོན་རིག་པའི་དཔྱད་རྩོམ་དུས་དེབ«ནང་རིག་འོད་སྣང»ཚང་གི་རྩོམ་སྐུལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ནང་བསྟན་སློབ་ཆེན།
དུས་ཚོད།:2022-03-23
ཀློག་གྲངས།:

ནང་དོན་རིག་པའི་དཔྱད་རྩོམ་དུས་དེབ«ནང་རིག་འོད་སྣང»ནི། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུས་གཙོ་སྐྱོང་འོག་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོས་གཙོ་གཉེར་གནང་བཞིན་པའི་དུས་ཚིགས་རང་བཞིན་གྱི་དུས་དེབ་ཅིག་ཡིན། སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་ད་ལྟའི་བར་དུ་ནང་དོན་རིག་པའི་སྐོར་གྱི་དཔྱད་རྩོམ་ཉིས་བརྒྱ་ཉི་ཤུ་ལྷག་བཀོད་ཅིང་། དེབ་ཉི་ཤུ་པར་སྐྲུན་འགྲེམ་སྤེལ་བྱས་ཟིན་ལ། ད་ལྟ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་ཡོད་པའི་ཤེས་ལྡན་པ་དག་གིས་དགའ་བསུ་ཡང་མི་ཉུང་བ་བྱས་དང་བྱེད་བཞིན་ཡོད།

དུས་དེབ་འདིའི་བརྗོད་བྱ་ཡོངས་རྫོགས་ནི།
གཅིག ཚད་མའི་གཞུང་གི་ཞིབ་འཇུག་བློ་གསལ་རིགས་རྒྱན།གཉིས། ཕར་ཕྱིན་གཞུང་དོན་ཞིབ་འཇུག་བྱམས་མགོན་དགོངས་རྒྱན།
གསུམ། དབུ་མའི་གཞུང་གི་དཔྱད་གླེང་ཟབ་མོ་ལྟ་རྒྱན།
བཞི། མཛོད་ཀྱི་དཀའ་གནད་དཔྱད་གླེང་མངོན་པའི་མིག་འབྱེད།
ལྔ། འདུལ་བའི་གཞུང་གི་ཞིབ་འཇུག་འདུལ་བསྟན་མཛེས་རྒྱན།
དྲུག སྔགས་ཀྱི་ཞིབ་འཇུག་རིག་འཛིན་དགའ་སྟོན།
བདུན། ནང་བསྟན་སློབ་གསོའི་སྐོར།
བརྒྱད། ནང་བསྟན་དང་ཐུན་མོང་རིག་གནས་ཀྱི་སྐོར་བཅས་ནང་དོན་བརྒྱད་ཀྱིས་གྲུབ་པའི་རིག་གཞུང་རྐྱང་བའི་ངོས་ཀྱི་དུས་ཚིགས་དུས་དེབ་ཅིག་ཡིན།
དེ་ལ་ནང་དོན་རིག་པ་གཙོས་བོད་རིག་པའི་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་མཁའ་ལྟར་ཡངས་པའི་རིགས་པ་སྨྲ་བ་དག་གིས་བོད་ཀྱི་རིག་གཞུང་ཡར་རྒྱས་གོང་འཕེལ་ལ་ཞབས་འདེགས་ཤིག་གི་ཚུལ་དུ་གོང་གི་བརྗོད་བྱ་དང་འབྲེལ་བའི་དཔྱད་རྩོམ་དག་དུས་ལྟར་བསྐུར་ཏེ། ངེད་རྩོམ་སྒྲིག་ཁང་གི་བྱ་བར་རྒྱབ་སྐྱོར་རེ་གནང་ན།ངེད་རྩོམ་སྒྲིག་ཁང་གིས་རྩོམ་ཡིག་གི་ནང་དོན་ལ་གཞིགས་ཏེ་བདམས་ཤིང་བཀོད་ནས། རྩོམ་ཡོན་ཡང་མི་དམན་པ་འབུལ་རྒྱུ་ཡིན་པས།དཔྱད་རྩོམ་དུས་ལྟར་བསྐུར་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
དཔྱད་རྩོམ་བསྐུར་སྐབས་ངེས་པར་དུ་དོ་སྣང་མཛད་དགོས་པ་གཤམ་གསལ་ལྟར།
༡ འདིར་བསྐུར་བའི་རྩོམ་ཡིག་གསར་རྩོམ་ཡིན་དགོས་པ་དང་། ནང་དོན་གྱི་ཆ་ནས་ཆབ་སྲིད་དང་ཆོས་ལུགས་གྲུབ་མཐའི་བར་མི་འགལ་བ། དུས་དེབ་གཞན་གྱི་སྟེང་དུ་བཀོད་མ་མྱོང་བ་ཡིན་དགོས། ནང་དོན་གནད་བསྡུས་དང་།བརྡ་ཆད་གཙོ་བོ།དཔྱད་གཞིའི་ཡིག་ཆ་སོགས་ཆ་ཚང་དགོས།
༢ རྩོམ་ཡིག་བསྐུར་སྐབས་ངེས་པར་དུ་རྩོམ་མཁན་རང་ཉིད་ཀྱི་མིང་དང་སྡོད་གནས། མ་ཡིག་གི་ཁ་བྱང་། (བོད་རྒྱ་ཡིག་རིགས་གཉིས་ཀྱིས)ལས་ཁུངས་དང་སློབ་གྲྭ། དགོན་སྡེ་དང་གྲྭ་ཚང་། ལས་ཐོབ་དང་ཞིབ་འཇུག་གི་ཁ་ཕྱོགས་སོགས་གནས་ཚུལ་མདོར་བསྡུས་དང་། འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་གསལ་བོར་འབྲི་དགོས།
༣ འདིར་བསྐུར་བའི་རྩོམ་ཡིག་རྣམས་བལྟ་བདེ་འཁྲུལ་བ་མི་འབྱུང་ཕྱིར་ཧི་གཟུགས་ཀྱིས་གཏགས་པའམ་ཧི་གཟུགས་སུ་བསྒྱུར་ཏེ། གློག་རྡུལ་ཡིག་ཆWordརྣམ་པ་ཅན་གྱིས་བསྐུར་དགོས།
༤ དཔྱད་རྩོམ་གྱི་ཞབས་མཆན་དུ་དཔྱད་གཞི་ཡིག་ཆའི་དེབ་མིང་དང་། རྩོམ་པ་པོ། ཡིག་རིགས། དཔེ་སྐྲུན་ཁང་། པར་སྐྲུན་དུས་ཚོད། ཤོག་གྲངས་སོགས་གསལ་བོར་འགོད་དགོས།
༥ རྩོམ་སྒྲིག་ཁང་གི་བླང་བྱ་ལྟར་རྩོམ་སྒྲིག་པར་རྩོམ་ཡིག་གི་ནང་དོན་ལ་བཅོས་སྒྲིག་བྱེད་དབང་ཡོད་པས། གལ་ཏེ་ཉིད་ཀྱིས་དེ་ལྟར་དང་ལེན་བྱེད་མི་ཐུབ་ཚེ་སྔོན་ནས་གསལ་བཤད་བྱེད་དགོས། རྩོམ་ཡིག་བསྐུར་སྐབས་ངེས་པར་དུ་དྲ་བ་བརྒྱུད་དེ་གློག་རྡུལ་མ་ཕྱི་བསྐུར་དགོས།
གློག་རྡུལ་ཡིག་ཟམ། qhfxybjb@163.com
འབྲེལ་གཏུག་བྱ་ཡུལ། 0974-7553151
དགེ་འདུན་ཡར་འཕེལ། 13897554066
དགའ་ངག་རྒྱམ། 18946857977
སངས་རྒྱས་དོན་གྲུབ། 13897795020
ཤ་བོ་རིན་ཆེན། 18309742987
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི«ནང་རིག་འོད་སྣང»རྩོམ་སྒྲིག་ཁང་གིས།
༢༠༢༢ལོའི་ཟླ༣པའི་ཚེས༢༢ཉིན།
འབྲེལ་ཡོད་འོས་སྦྱོར།