logo

ཕོ་བྲང་པོ་ཏ་ལའི་གསུང་འབུམ་དཔེ་རྙིང3281ཐོ་འགོད་ལེགས་གྲུབ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2022-04-18 ཀློག་གྲངས།:
        ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་ཡིན་ཞིང་། དུས་ཐེངས་དང་པོར་གསུང་འབུམ་དཔེ་རྙིང3281ཐོ་འགོད་ལས་དོན་ལེགས་གྲུབ་ཐུབ་ཡོད་པ་རེད།
        གསར་འགོད་པས་ཉེ་དུས་སྐོང་འཚོགས་བྱས་པའི་བོད་ལྗོངས་ཀྱི་རིག་དངོས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས(དཔེ་རྙིང་ཚད་ལྡན་ཡིག་ཆ)ཀྱི་སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས(དུས་ཐེངས་དང་པོ)ཀྱི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱས་ནས་རིམ་རྩིས་བྱས་ན་གསུང་འབུམ་དཔེ་རྙིང་3281དང་། པོད47945 ཤོག་ལྷེ1148397ཐོ་འགོད་ཉར་ཚགས་ལས་དོན་ལེགས་གྲུབ་བྱས་ཡོད་པ་རེད།
        གཞན་ཡང་སྤྱི་ལོ2022ལོར་བོད་ལྗོངས་ཀྱིས་ད་དུང་གཙོ་གནད་རིག་དངོས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་དཔེ་རྙིང་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཏེ་བེད་སྤྱོད་བྱ་རྒྱུ།
        དེ་དང་དུས་མཚུངས་བོད་ལྗོངས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཅོས་དང་འཕེལ་རྒྱས་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཕོ་བྲང་པོ་ཏ་ལ་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ནོར་བུ་གླིང་ག་བཅས་ཀྱི5G+རིག་ལྡན་རིག་དངོས་འཛུགས་སྐྲུན་རྣམ་གྲངས་སོགས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།