མཚོ་བོད་མཐོ་སྒང་སོགས་ས་ཁོངས་སུ་རྒྱལ་ཁབ་སྤྱི་གླིང་ཁག་ཅིག་གསར་དུ་འཛུགས་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-05-26
ཀློག་གྲངས།:
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པིའ་ཚེས22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་ཡིན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ད་ལོར་རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་དང་རྨ་ཆུ་འབབ་རྒྱུད། འབྲི་ཆུའི་འབབ་རྒྱུད་སོགས་སྐྱེ་ཁམས་གནས་ཡུལ་གལ་ཆེན་དང་སྐྱེ་ཁམས་ནུས་པ་ལེགས་པའི་ས་ཁོངས་སུ་རྒྱལ་ཁབ་སྤྱི་གླིང་ཁག་ཅིག་གསར་འཛུགས་བྱ་རྒྱུ་རེད།
འདི་ནི་ཚེས22ཉིན་གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་རེད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་སྟོངས་ཉེར་ཡོད་པའི་སྲོག་ཆགས་རིགས་སྐྱོབ་པའི་བཟོ་འགོད་བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱས་པས། སྐམ་སའི་སྐྱེ་ཁམས་མ་ལག་དཔེ་མཚོན་གྱི90%ལ་སྲུང་སྐྱོང་ནུས་ལྡན་བྱུང་བ་དང་། རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས300ལྷག་གི་གྲངས་འབོར་བརྟན་བརླིང་ངང་འཕར་ཡོད། དོམ་ཁྲའི་རི་སྐྱེས་ཁྱུ་ཚོགས1864བར་ཇེ་མང་དུ་ཕྱིན་པ་དང་། བྱ་ཀྲུའུ་ཧོན་གྱི་རི་སྐྱེས་ཁྱུ་ཚོགས6000ལྷག་བར་ཇེ་མང་དུ་ཕྱིན། ཨེ་ཤ་ཡའི་གླང་ཆེན་གྱི་རི་སྐྱེས་ཁྱུ་ཚོགས300ཙམ་བར་ཇེ་མང་དུ་ཕྱིན། གཙོད་ཀྱི་རི་སྐྱེས་ཁྱུ་ཚོགས་ཁྲི30ལྷག་སླར་གསོ་བྱས་ཡོད། དེ་སྔ་རི་ཐང་དུ་མེད་པར་གྱུར་པའི་ཤྭ་བ་རྔ་རིང་དང་ཕུའུ་ཧྲི་རྟ་རྒོད་གཉིས་ལ་ས་ཆ་མང་པོར་མིས་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱེད་པའི་ཁྱུ་ཚོགས་བཙུགས་པ་མ་ཟད། བདེ་ལེགས་ངང་རང་བྱུང་ཁམས་སུ་བཏང་བས། རི་སྐྱེས་ཁྱུ་ཚོགས་བསྐྱར་དུ་ཆགས་ཤིང་། འཚོ་གནས་བྱ་ཡུལ་དང་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རང་རྒྱལ་དུ་རིམ་པ་དང་རིགས་སྣ་ཚོགས་ཀྱི་རྩི་ཤིང་ར་བ200ཙམ་བསྐྲུན་ཡོད་པ་དང་། སྐྱེ་དངོས་རིགས་ཁྲི2ཙམ་འཚོལ་སྡུད་དང་ཉར་ཚགས་བྱས་ཡོད། དེས་རང་རྒྱལ་གྱི་རྩི་ཤིང་ས་ཁུལ་མ་ལག་གི2/3ཟིན་ཡོད། ཕྱི་རོལ་ཡུལ་དུ་བཙུགས་པའི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རྩི་ཤིང་རིགས206ཟིན་པ་དང་། དེའི་ནང་སྣ་ཁ112རང་རྒྱལ་གྱི་དམིགས་བསལ་སོན་རིགས་སུ་གྱུར་ཡོད།
རང་རྒྱལ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དང་རྒྱལ་ཁབ་རྩི་ཤིང་ལྡུམ་རའི་མ་ལག་བསྐྲུན་མགོ་བཙུགས་པས། ཅུང་འཐུས་ཚང་བའི་ས་ཆ་དེ་གར་སྲུང་སྐྱོབ་དང་གནས་སྤོ་སྲུང་སྐྱོབ་ཟུང་འབྲེལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་མ་ལག་ཤིག་ཆགས་ཡོད།

འགན་འཁུར་བ་དེས་བཤད་རྒྱུར། རྗེས་མར«རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་འཆར་འགོད(2021ལོ་ནས2035ལོ་བར)»ཀྱི་སྤྱིའི་དམིགས་ཚད་གཞིར་བཟུང་། གང་མགྱོགས་ངང་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་རྒྱུ་ཡིན་ཟེར།
“ང་ཚོས་རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི་བཟོས་ནས་རང་བྱུང་ས་གཤིས་ཀྱི་བཀོད་པ་དང་སྐྱེ་ཁམས་ནུས་པའི་ཆགས་སྟངས། སྐྱེ་དངོས་སྣ་མང་རང་བཞིན་དང་དཔེ་མཚོན་མཛེས་ལྗོངས་ཀྱི་ཁྱབ་ཚུལ་བཅས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་གདམ་བྱའི་ཁུལ50ཙམ་བདམས་ཡོད། དེའི་སྤྱིའི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ཀྱི་སྐམ་སའི་ས་ཁོངས་རྒྱ་ཁྱོན་གྱི10%ཟིན་པ་དང་། ཀྲུང་གོའི་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་སྐྱེ་ཁམས་མ་ལག་དང་། 80%ཡན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས། དེའི་འཚོ་སྡོད་བྱ་ཡུལ་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད”ཅེས་བཤད། །
འབྲེལ་ཡོད་འོས་སྦྱོར།