ཆོས་དབྱིངས་སྐྱིད་ཀྱིས་ཐེངས་གསུམ་ལ་ཨང་དང་པོ་བླངས་འདུག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2022-05-30
ཀློག་གྲངས།:

ཡོ་རོབ་ཀྱི་དུས་ཚོད་ཟླ5པའི་ཚེས28ཉིན། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་གི་སྐོར་སྐྱོད་འགྲན་སྡུར་སི་ཕེན་གྱི་ལ་ཁོ་ལུའུ་ཉི་ཡ་ས་ཚིགས་ནས་བསྡུས་ཤིང་། ཀྲུང་གོའི་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་ཆ27སྐར་ཆ48ཀྱི་གྲུབ་འབྲས་ཀྱིས་སྐྱེས་མའི་རུ་ཁག་གི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཤིང་། འདི་ནི་ཆོས་དབྱིངས་སྐྱིད་ཀྱིས་དུས་ཡུན་ཐུང་ཐུང་ཉིན35ཡི་རིང་རྒྱལ་སྤྱིའི་འགྲན་རར་ཨང་དང་པོ་ལེན་ཐེངས་གསུམ་པ་དེ་ཡིན་ལ། དེའི་ཡར་སྔོན། མོས་ད་དུང་སི་ལོ་ཝ་ཁེ་དང་མ་ཏི་ལིའི་ས་ཚིགས་སུ་ཨང་དང་པོ་བླངས་ཡོད་པ་རེད། གཞན་ཡང་། ཀྲུང་གོའི་འགྲན་ཞུགས་པ་ཀླུ་མོ་མཚོ་དང་ལིས་ཧའེ་དབྱིན་གཉིས་ལ་སོ་སོར་ཨང་ལྔ་བ་དང་དྲུག་པ་བླངས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།