logo

མིའི་རིགས་ཀྱི་བར་རྣ་ནི་ཉ་རིགས་ཀྱི་ལྕིབས་ལས་བྱུང་བ་གསལ་སྟོན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2022-05-31 ཀློག་གྲངས།:
        ཉེ་ཆར། ཀྲུང་གོའི་ཚན་རིག་པས་གཙོ་བོ་ཀྲེ་ཅང་ཁྲང་ཞིན་དང་ཡུན་ནན་ཆུས་ཅིན་ནས་འཚོལ་བསྡུ་བྱས་པའི་ལོ་དུང་ཕྱུར4ལྷག་སྔོན་གྱི་གནའ་བོའི་ཉ་ཡི་འགྱུར་རྡོ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཉ་རིགས་ཀྱི་ཆུ་གཏོར་ཁུང་དེ་མུར་ལྕིབས་ཆ་དང་པོ་ནས་རིམ་འགྱུར་བྱུང་བ་བདེན་དཔང་བྱས། འདི་ཡང་ཚན་རིག་པས་འགྱུར་རྡོའི་དཔང་རྟགས་ལས་མིའི་རིགས་ཀྱི་ཉན་བྱེད་ཀྱི་བར་རྣ་དེ་ཆེས་སྔ་མོར་ཉ་རིགས་ཀྱིས་འབྱིན་རྔུབ་བྱེད་སྤྱད་ཀྱི་མུར་ལྕིབས་ལས་བྱུང་བ་ཡིན་པ་ཐོག་མར་གསལ་སྟོན་བྱས།
        ལོ་བརྒྱའི་ཚན་རིག་གི་དཀའ་གནད་སེལ་བའི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིམ་འགྱུར་གྱི་གྲུབ་འབྲས་གལ་ཆེན་གྱི་དཔྱད་རྩོམ་དེ། ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཅན་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀེ་ཀྲི་ཁུན་གྱིས་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་ཀྲུའུ་མིན་དང་། དབྱིན་ཇིའི་གོང་མ་ཚང་ཚན་རིག་ཁང་གི་ཡོན་ཧྲི་ཧྥེ་ལི་ཕུའུཏོ་ནུའོ་ཀེ་དང་སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གི་ཡོན་ཧྲི་ཕུའརཨའར་པོ་ཀེ་བཅས་དང་མཉམ་འབྲེལ་བྱས་ཏེ་ཐུན་མོང་ཐོག་ལེགས་གྲུབ་བྱུང་བ་མ་ཟད། རྒྱལ་སྤྱིའི་ཆེད་ལས་རིག་གཞུང་དུས་དེབ«སྣོད་བཅུད་དང་འཕེལ་འགྱུར་གྱི་མདུན་གྲལ»ཞེས་པའི་ཐོག་སྤེལ་ཡོད།
འབྲེལ་ཡོད་འོས་སྦྱོར།