«རྫོང་རུ»རྩོམ་རིག་ལོ་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།
རྩོམ་པ་པོ།:ཐུན་ཏེ་རྫོང་མི་རིགས་སྐད་ཡིག་བྱ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-06-30
ཀློག་གྲངས།:
རྒྱ་ཆེ་བའི་རྩོམ་པ་པོ་ལྷན་རྒྱས་ལ་ཞུ་དོན།
«རྫོང་རུ»རྩོམ་རིག་ལོ་དེབ་ནི། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་འོག མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་རྩོམ་སྒྲིག་འགྲེམ་སྤེལ་བྱེད་བཞིན་པའི་སྒྱུ་རྩལ་སྣ་འཛོམས་ཀྱི་རྩོམ་རིག་ལོ་དེབ་ཅིག་ཡིན་པ་དང་། ནང་དོན་ལ་སྒྲུང་གཏམ། སྙན་ངག ལྷུག་རྩོམ། དཔྱད་རྩོམ། བསྒྱུར་རྩོམ། པར་རིས་སོགས་སྣ་མང་བཀོད་དེ་དུས་དེབ་ཀྱི་ཁྱད་ཆོས་ཡོངས་སུ་འཛོམས་པར་བྱས་ཡོད།
འདིར་སྤྱིའི་འདོན་ཐེངས་གསུམ་པའི་རྩོམ་བསྡུ་བྱ་བ་དངོས་སུ་འགོ་བརྩམས་པ་ཡིན་པས། རྒྱ་ཆེའི་གསར་རྩོམ་ལ་དགའ་མོས་ཡོད་པའི་རྩོམ་པ་པོ་དག་གིས་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་འགོ་ཁྲིད་འོག སྲིད་དོན་དྲིལ་སྒྲོག་གི་སྐོར་དང་རྫོང་རུའི་རིག་གནས་ཀྱི་སྐོར། མི་རིགས་མཐུན་སྒྲིལ་གྱི་སྐོར། དམངས་ཚིས་འཕེལ་རྒྱས་ཀྱི་སྐོར་སོགས་བརྗོད་བྱར་བཟུང་སྟེ་དུས་རབས་དང་མཐུན་ཞིང་སྤྱི་ཚོགས་ཀྱི་གནས་བབ་མཚོན་པའི་བརྩམས་ཆོས་སྣ་ཚོགས་ངེད་རྩོམ་སྒྲིག་ཁང་ལ་དུས་ལྟར་བསྐུར་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད།
རྩོམ་བསྡུའི་ཆ་རྐྱེན། ད་ལོ་ནས་བཟུང་ལོ་དེབ་འདིར་བཀོད་པའི་ཚད་ལྡན་རྩོམ་ཡིག་ལ་འོས་འཚམ་གྱི་རྩོམ་ཡོན་སྟེར་རྒྱུ་ཡིན་པས། རྩོམ་ཡིག་གི་དག་ཆ་དང་ནང་དོན་ལ་རྩོམ་པ་པོ་རང་རང་གིས་དོ་སྣང་བྱེད་དགོས་པ་མ་ཟད། དུས་དེབ་དང་ཚགས་པར་གཞན་ལ་མ་བཀོད་པའི་བརྩམས་ཆོས་གསར་བ་ཡིན་དགོས་ལ། གཞན་རྩོམ་བརྐུ་འཁྱེར་སོགས་ཀྱི་འགན་རྩོམ་པ་པོ་རང་གིས་འཁུར་དགོས།
རྩོམ་ཡིག་གི་འདེམ་སྒྲུག་ལ་དྲང་བདེན་ཡོང་ཆེད་དང་རྩོམ་ཡིག་གི་མ་ཕྱི་ཉར་ཚགས་བྱེད་བདེ་བའི་ཆེད་དུ། ལོ་དེབ་འདིར་བསྐུར་བྱའི་རྩོམ་ཡིག་ཚང་མ་ཧི་གཟུགས་ཀྱིས་གཏགས་དགོས་ཤིངwordརྣམ་པས་ཐད་ཀར་གཤམ་གསལ་གྱི་གློག་རྡུལ་ཡིག་སྒམ་དུ་བསྐུར་བར་མཁྱེན་མཁྱེན།།
རྩོམ་ཡོན་དང་དུས་དེབ་བསྐུར་བདེ་བའི་ཆེད་དུ། རྩོམ་ཡིག་གི་མཇུག་ཏུ་རྩོམ་པ་པོའི་དངོས་མིང་དང་སྡོད་གནས། འབྲེལ་གཏུག་ཁ་པར། སྦྲག་སྲིད་ཨང་གྲངས་སོགས་གསལ་བོར་འབྲི་རོགས།
རྩོམ་བསྡུའི་དུས་ཡུན། ༢༠༢༢ལོའི་ཟླ༦པོའི་ཚེས༣༠ཉིན་ནས་ཟླ༡༠པའི་ཚེས༡༡བར།
གློག་རྡུལ་ཡིག་སྒམ། 330988136@qq.com 1969806756@qq.com
འབྲེལ་གཏུག་ཁ་པར། ༡༣༦༣༩༧༥༧༧༧༩ ༡༥༧༠༩༧༩༡༧༦༥

ཐུན་ཏེ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
«རྫོང་རུ»རྩོམ་སྒྲིག་ཁང་གིས།
༢༠༢༢ལོའི་ཟླ༦པར།
«རྫོང་རུ»རྩོམ་སྒྲིག་ཁང་གིས།
༢༠༢༢ལོའི་ཟླ༦པར།
འབྲེལ་ཡོད་འོས་སྦྱོར།