མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ནུས་ཤུགས་ཡོད་རྒུ་བཏོན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-07-22
ཀློག་གྲངས།:
2022ལོའི་ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་གཏོང་ཚོང་གཏམ་གྲོས་ཚོགས་དེ་ཟླ7ཚེས22ཉིན་ནས་ཚེས24ཉིན་བར་ཟི་ལིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོག་རྒྱུ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱི་སྐབས་ཉི་ཤུ་བའི་ཚོང་གཏམ་གྲོས་ཚོགས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་ཆེད། རང་ཁུལ་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྤྱིའི་ཇུས་གཞི་བཟོས་ཏེ་ཡོངས་སུ་བསྒྲགས་པ་རེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་ཁག་གིས་འགན་འཁྲིའི་ལས་བགོ་གཞིར་བཟུང་སྟེ། ལས་གཞིའི་གན་རྒྱ་འཇོག་པ་དང་ཚོང་བའི་གདན་ཞུ། སྣེ་ལེན་དང་འགྲེམས་ཚོགས་སོགས་ཀྱི་བྱ་བའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་པ་རེད། མིག་སྔའི་བར། ཆེད་དོན་གན་རྒྱ་འཇོག་པའི་ལས་གཞི31ལག་ལེན་དོན་འཁྱོལ་རགས་ཙམ་བྱུང་ཡོད་ལ། ཁྱོན་མ་དངུལ་སྒོར་དུང་ཕྱུར76ཙམ་བཏང་། གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།
མིག་སྔར། ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་ཁག་གིས་རྩ་འཛུགས་ཨུ་ལྷན་གྱི་བླང་བྱ་གཞིར་བཟུང་སྟེ། ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་གན་རྒྱ་འཇོག་པའི་ལས་གཞི་དོན་འཁྱོལ་གྱི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ། ལས་གཞིའི་ངོ་འཕྲད་གྲོས་མོལ་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཏན་འཁེལ་བྱས་པའི་གན་རྒྱ་འཇོག་པའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱེད་པའི་ཞོར་དུ། རྩ་འཛུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མི་དང་མིའི་དབར་དང་། མི་དང་བྱ་བའི་དབར། བྱ་བ་དང་བྱ་བའི་དབར་བཅས་ལ་སྦྲེལ་མཐུད་དམ་ཟབ་དང་གཅིག་ལ་གཅིག་འབྲེལ་བྱེད་ཐུབ་པ་བྱས་ཏེ། བྱ་འགུལ་ཁག་གི་རྩ་འཛུགས་ལ་ནུས་ལྡན་ཡོང་བ་དང་ནང་དོན་ཕུན་སུམ་ཚོགས་པར་འགན་ལེན་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།